中国藏文学术期刊网
您的当前位置:首页> 搜索结果
为您检索到0条匹配字符
བོད་ལྗོངས་ཞིབ་འཇུག་གི་ཕུལ་བྱུང་བརྩམས་ཆོས།
༄༅། །ཏུན་ཧོང་ཡིག་རྙིང་P. T. 116《ཐེག་པ་ཆེ་ཆུང་གི་ཁྱད་པར་དང་། འཇུག་པའི་སྒོ་དང་། སོ་སོའི་མཚན་ཉིད་མདོ་ཙམ་དུ་བསྟན་ན་》 ཞེས་པའི་བརྗོད་དོན་དང་སྦྲེལ་ཏེ་ཐེག་པ་ཆེ་ཆུང་གི་སྐོར་ལ་ཆེ་ལོང་ཙམ་དཔྱད་པ།
རྩོམ་པ་པ:ཁྱུང་ཕྲུག་བློ་བཟང་དར་རྒྱས།

[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་ཏུན་ཧོང་ཡིག་རྙིང་ལས་བཤད་པའི་ཐེག་པ་ཆེ་ཆུང་གི་ཁྱད་པར་དང་འཇུག་སྒོ མཚན་ཉིད་བསྟན་པ་དག་བོད་བརྒྱུདནང་བསྟན་གྱི་དབུ་ཕར་གྱི་གཞུང་དང་དཔྱད་བསྡུར་གྱིས་རང་རང་གི་ཐུན་མིན་གྱི་ཁྱད་ཆོས་དང་མཐུན་པའི་ཆ་མི་མཐུན་པའི་ཆ་སོགས་གསལ་པོར་བཤད་ཅིང་། ལྷག་དོནཡིག་རྙིང་དེ་ཉིད་བྱུང་བའི་སྐབས་སུ་རྒྱ་བོད་གཉིས་ཆར་གྱི་ཡུལ་གྲུར་དབུ་མ་ཐལ་འགྱུར་བའི་གྲུབ་མཐའ་བྱུང་མེད་པ་དང་། དེས་ཡོངས་གྲགས་ཀྱི་ཅི་ཡང་མེད་པའི་ལྟ་བ་ཙམསྟོན་པ་མ་ཡིན་པའི་ངེས་ཤེས་དང་བློ་སྐྱེད་གསར་པ་སྟེར་བར་བསྙོན་དུ་མེད་ཚུལ་སྐོར་གླེང་བརྗོད་བྱས་ཡོད།

[བརྡ་ཆད་གཙོ་བོ།] ཐེག་ཆེན། ཐེག་ཆུང་། བསམ་བློ། ལྟ་བ། དབུ་མ། ཐལ་འགྱུར་བ།

[ཀྲུང་གོའི་དཔེ་དེངབ་དབྱེ་རྟགས།] G256[ཡིག་ཚང་མཚོན་བྱང་།]A[རྩོམ་གྱི་གོ་རིམ་ཨང་སྒྲིག]1002 – 946 X(2012)03- 110 -08

 

དང་པོ། དཔྱད་རྩོམ་གྱི་གླེང་བསླངས་པ།

དེ་ཡང་ཐེག་པ་ཆེ་ཆུང་ཞེས་པའི་ནང་དུ་ནང་རིག་ཆོས་ཕུང་བརྒྱདཁྲི་བཞི་སྟོང་དུ་གྲགས་པ་ཡོད་ཚད་འདུ་ཞིང་། བཀའ་སྡེ་སྣོད་གསུམ་དངརྒྱུད་སྡེ་བཞི། གཞུང་ཆེན་བཀའ་པོད་ལྔ་སོགས་སུ་དབྱེ་བ་དག་ཀྱང་དེགཉིས་གང་རུང་གི་བརྗོད་བྱ་ལས་མ་འདས་པས་འདིའི་དོན་ཧ་ཅང་འགྲིལཞིང་རྒྱ་ཆེ་བ་དང་། ནང་བསྟན་གཞུང་ལུགས་ཀྱི་ནང་ཆེས་གལ་ཆེ་བའི་གོབབ་བཟུང་ཡོད་པ་བཅས། འདིའི་གོ་དོན་མ་ཤེས་ན་ནང་རིག་གི་སྙིང་པོདང་རྩ་བ། དམིགས་ཡུལ། གྲུབ་འབྲས་རྣམས་ལྟ་ཅི། ཐ་ན་ཐེག་པ་ཆེཆུང་གི་བསམ་བློའི་ཁྱད་པར་ཙམ་ཡང་ངོས་འཛིན་མི་ཐུབ། དེར་བརྟེནའདི་ནི་རིགས་པ་སྨྲ་བ་དང་ཞིབ་འཇུག་གི་ལས་ལ་འཇུག་མཁན་པ་ཞིག་ལམཚོན་ན་མི་ཤེས་ན་མི་རུང་བའི་ཆེས་རྨང་གཞིའི་ཤེས་བྱ་ཞིག་དང་སྤྱི་འགྲོས་ཤིག་ཏུ་འགྱུར་ཡོད།

ད་ཕན་འདིའི་ལོ་རྒྱུས་དང་རྩོམ་པ་པོའི་སྐོར་སོགས་ལ་ཞིབ་འཇུགདང་དཔྱད་འཇོག་བྱེད་པ་ཤིན་ཏུ་མང་ནའང་། ནང་བསྟན་རིག་གཞུངཐོག་གམ་བརྗོད་དོན་དངོས་ལ་དཔྱོད་མཁན་ཨ་རིའི་ནང་རིག་བྷོ་ཧྲི་ཡུ་ལེཧྲ་པེ་ནཱ་པའོ་དང་། ཧྥ་རན་སིའི་མཁས་པ་ཏེ་སྨིས་བེ། འཇར་པན་གྱིམཁས་པ་ཧི་ར་ཁ་པ་སོགས་རེ་གཉིས་ཙམ་ལས་མི་སྣང་བས། འདིར་འདིའི་བརྡ་དོན་དང་སྤྱི་འགྲོས་རྒྱུན་ཤེས་རྣམས་ལ་ཕྱོགས་ལྷུང་མེད་པརགཞུང་ཆེན་འཆད་ཁྲིད་དང་ཞིབ་འཇུག་གི་ངལ་བ་བརྒྱ་ཕྲག་བསྟེན་པ་དགལ་རྗེས་སུ་ཡི་རངས་གིས་བསམ་འཆར་བརྗེ་རེས་དང་། གསར་སློབ་རིགཔའི་གང་བུ་ཁ་སོ་མ་ཕྱེ་བ་དག་ལའང་བློ་སྐྱེད་ཅུང་ཟད་རེ་སྲིད་སྙམ་ནས་ཧྥརན་སིའི་པོ་ཞི་ཧུ་ཡིས་སྤྱི་ལོ་༡༩༠༨ལོར་བོད་ཀྱི་གནའ་བོའི་རིག་པའི་བང་ཁང་དུ་ཉར་བཞིན་པའི་ཡིག་རྙིང་ཁྲོད་ལས་ཨང་རྟགས་P. T. 116པ། ཐེག་པ་ཆེ་ཆུང་གི་ཁྱད་པར་དང་། འཇུག་པའྀ་སྒོ་དང་། སོ་སོའིམཚན་ཉིད་མདོ་ཙམ་དུ་བསྟན་ན་ཞེས་པའི་ཤོག་དྲིལ་འདི་ལ་ཅུང་ཟདདཔྱད་ཁུལ་གྱི་ངལ་བ་དང་དུ་བླངས་པ་ཡིན། ཤོག་དྲིལ་འདི་ནི་ཤོག་ལྡེབངོས་བཅུ་དང་ཐིག་ཕྲེང་སོ་ལྔ་ཡིས་གྲུབ་པའི་གནའ་བོའི་ཡིག་རྙིང་གི་ཁྲོདནས་མགོ་མཇུག་ཆཚང་ཞིང་ཐེག་པ་ཆེ་ཆུང་སྐོར་གྱི་དོནདྲིལ་རང་གིཐུན་མོང་མ་ཡིན་པའི་ཁྱད་ཆོས་གསལ་བ། གནའ་བོའི་ཤེས་རིག་གིའཐུས་ཚབ་ཆོག་པའི་དཔྱད་གཞི་རིན་ཐང་ལྡན་པ་ཞིག་ཏུ་མཐོང་ནའང་དབར་སུས་ཀྱང་ཞིབ་འཇུག་གནང་མི་འདུག་པས། ཁོ་བོའི་ཐོག་མའི་བགོ་སྐལ་དུ་ཐོབ་བོ་སྙམ་ནས་ཡིག་རྙིང་གང་དང་སྦྲེལ་ཏེ་ཐེག་པ་ཆེ་ཆུང་གི་སྐོར་འདི་ལ་སྔ་དེང་གཞུང་ལུགས་ཆེན་མོ་ནས་འོངས་པའི་བཤད་ཚུལ་དག་ལ་གོ་སླ་བའི་རིགས་ལམ་ནས་གཤིབ་བསྡུར་གྱིས་ཅུང་ཞིག་དཔྱད་པར་འདོདཔ་ནི་སྐབས་སུ་བབ་པའི་ལས་སོ།

གཉིས་པ། ཡིག་རྙིང་དང་སྦྲེལ་ཏེ་ཐེག་པ་ཆེ་ཆུང་ལ་དཔྱད་པ།

གཅིག བསམ་བློའི་ཁྱངད་པར་ལ་དཔྱད་པ།

དེ་ཡང་ཐེག་པ་ཆེ་ཆུང་གི་བསམ་བློའི་ཁྱད་པར་གྱི་སྒོ་ནས་རྒྱུད་ལྡནགྱི་གང་ཟག་དེ་ཉིད་ཐེག་དམན་པ་ཞིག་གམ་ཐེག་ཆེན་པ་ཞིག་ཡིན་པརབརྟག་དགོས། ཐེག་པ་ཆུང་ངུའམ་ཐེག་དམན་པ་ཞིག་ཡིན་ན་བདེན་པབཞི་སོགས་ཀྱི་ལག་ལེན་ལ་བརྟེན་ནས་རང་ཉིད་འཁོར་བའི་སྡུག་བསྔལལས་ཐར་བར་འདོད་པ་དང་། ཡང་དགྲ་བཅོམ་པ་ཞེས་པའི་འབྲས་བུཐོབ་ཕྱིར་རང་དོན་ཕྱོགས་རེ་བ་ལ་འབད་པས་བརྩོན་པའི་བསམ་བློ་ཅནཞིག་ཡིན་པ་ལས་སེམས་ཅན་གཞན་སྡུག་བསྔལ་ལས་གྲོལ་ཕྱིར་བྱང་ཆུབ་ཀྱིསེམས་རྒྱུད་ལ་ལྡན་པ་ལྟ་བཞག  གཞན་དོན་ཁུར་དུ་འཁྱེར་པའི་སྙིང་རྗེཆེན་པོ་ཁྱད་པར་ཅན་དང་ལྷག་བསམ་གྱི་བསམ་བློ་ཅན་ཞིག་ནི་མིན་ནོ།

དེ་ལ་ཏུན་ཧོང་གི་ཡིག་རྙིང་འདིར།བདག་ཉིད་འཁོར་བ་ལསམྱུར་དུ་ཐར་པའྀ་ཕྱིར། རང་གྀ་དོན་ཉི་ཙེ་བྱེད་ཅྀང་སྙིང་རྗེ་ཆུང་བས་ཐེགཔ་ཆུང་ངུ་ལགས་སོ། །ཞེས་དམིགས་ཡུལ་བདག་ཉིད་ཁོ་ནའི་ཆེད་དུརང་དོན་ཉི་ཚེ་བ་སྟེ་ཕྱོགས་རེ་བ་བྱེད་པ་ཡིན་པས་གཞན་དོན་བྱ་འདོད་ཀྱིསྙིང་རྗེའི་བསམ་བློ་སོགས་མེད་པར་སྟོན་པ་དང་བཤད་ཚུལ་ཧ་ཅང་མཐུན་པར་བྱུང་།

དེས་ན་ཐེག་པ་ཆེན་པོའི་བསམ་བློ་རྒྱ་ཆེ་ཞིང་སྤྱིར་དཔག་ཏུ་མེདཀྱང་གཙོ་བོའམ་མདོར་བསྡུས་ན་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བསྡུ་བའིདངོས་པོ་བཞི། སྙིང་རྗེ་ཆེན་པོ། ལྷག་པའི་བསམ་པ། བྱང་ཆུབ་ཀྱིསེམས་སོགས་ཀྱིས་མཚོན་རང་ཉིད་ཡལ་བར་དོར་ནས་གཞན་གཅེས་པརའཛིན་པའི་བསམ་བློ་ཁྱད་པར་ཅན་ཞིག་ཏུ་འཇོག་ཆོག ཁྱད་པར་དུ་བྱངཆུབ་ཀྱི་སེམས་ནི་དེ་དག་གི་ནང་ནས་ཀྱང་རང་ཉིད་ཐེག་པ་ཆེན་པོ་ཡིནམིན་གྱི་མཚོན་བྱེད་ཀྱི་བསམ་བློ་ཁོ་ན་སྟེ། བསམ་བློ་འདི་རང་བློ་ལ་མ་སྐྱེསན་ཡོན་ཏན་གཞན་གང་ཞིག་ཡོད་ཀྱང་རང་ཉིད་ཐེག་པ་ཆེན་པོའམ་བྱངཆུབ་སེམས་དཔའི་མིང་ཙམ་ཡང་མི་ཐོགས་སོ། དེས་ན་ཐེག་ཆེན་གྱི་གངཟག་ཡིན་མིན་རང་རྒྱུད་ན་བྱང་ཆུབ་ཀྱི་སེམས་བསྐྱེད་ཡོད་མེད་ལ་རགལས་པའི་རྒྱུ་མཚན་གྱིས། ཐེག་པ་ཆེན་པོའི་འཇུག་སྒོ་ལ་བྱང་ཆུབ་ཀྱིསེམས་ཏེ་སེམས་བསྐྱེད་འཇོག་པར་བཤད་པའང་གནད་དེ་ལ་ཐུག་པ་སྤྱོད་འཇུག་དང་བྱང་ཆུབ་ཀྱི་ལམ་རིམ་ཆེ་བ་ནས་གསུངས། དེའི་ཕྱིར་རང་ཉིད་སྐྱེས་བུ་ཆེན་པོའམ་བདག་ཉིད་ཆེན་པོ། རྒྱལ་བའི་སྲས་པོ། རྒྱལ་བའི་སྲས་པོའམ་བྱང་ཆུབ་སེམས་དཔའ། ཐེག་པ་ཆེན་པོའི་གང་ཟག་ཅིག་བྱ་འདོད་ན་དེ་ལ་འཇུག་པའི་སྒོ་ཉག་གཅིག་ནི་བསམ་བློ་འདི་ཁོ་ན་ལས་མེད་དེ། འདི་བློ་ལ་ནམ་སྐྱེས་པ་ན་ཡོན་ཏན་གཞན་ཅི་ཡང་མ་མཆིས་ཀྱང་གང་ཟགདེ་ཉིད་ཐ་ན་དུད་འགྲོའི་ལུས་རྟེན་དུ་གྱུར་ནའང་ཐེག་ཆེན་གང་ཟག་ཏུགྱུར་པར་གསུངས་ལ། བསམ་བློ་འདིདངནམ་ཁ་བྲལ་བ་ན་གནསལུགས་རྟོགས་པའི་ཤེས་རབ་དང་། མངོན་ཤེས་དང་རྫུ་འཕྲུལ་གང་ཡོདཀྱང་ཐེག་པ་ཆུང་ངུའིགནསསུ་ལྷུང་བའམ་ཐེག་ཆེན་གང་ཟག་མ་ཡིན་པར་གྱུར་པར་གདོན་མི་ཟ་བར་འདོད།

འོ་ན་ཐེག་པ་ཆེན་པོའི་བསམ་བློ་སྟེ་བྱང་ཆུབ་ཀྱི་སེམས་འདི་ལ་གཞུང་ལུགས་ཆེན་མོ་དག་ལས།སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། ། ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་བྱུང་ཞིང་། དེ་ལ་གཞི་བྱས་ནས་སེམས་བསྐྱེད་ཀྱི་ངོ་བོ་ལ་སྔོན་བྱོན་རྒྱ་བོད་ཀྱི་མཁས་པ་དག་གི་ཁྲོད་དུ་འགྲེལ་ཚུལ་མི་མཐུན་པ་སྣ་ཚོགས་བྱུང་ཡོད། དེ་ཡང་རྒྱ་གར་གྱི་ཐེག་ཆེན་གྲུབ་མཐའ་སྨྲ་བ་སློབ་དཔོན་ཐོགས་མེད་སྐུ་མཆེད་ཀྱིས་སེམས་བསྐྱེད་ཀྱི་ངོ་བོ་ནི་སྨོན་ལམ་དུ་གྱུར་པའི་

པའི་སེམས་བྱུང་ཞིགཏུ་བཞེདཔ་དང་། ཕར་ཕྱིན་གྱི་མཁན་ པོ་འཕགས་གྲོལ་དང་སེང་གེ་བཟང་པོགཉིས་ཀྱིས། གཞན་དོན་དུ་རྫོགས་པའི་བྱང་ཆུབ་འདོད་པ་དང་མཚུངསལྡན་དུ་འབྱུང་བའི་སེམས་ཤིག་སེམས་བསྐྱེད་ཀྱི་ངོ་བོར་བཞེད་པ། སངསརྒྱས་དཔལ་གྱིས། འཕགས་སེང་གི་ལུགས་དེ་བཀག་ནས་དོན་གཉེར་གྱིའདུན་པ་ཉིད་སེམས་སུ་འདོད་པས་སེམས་

དང་སེམས་བྱུང་གཉིས་རྫས་གཅིག་ཏུ་འདོད་པ། ཞི་བ་པས་སེམས་བསྐྱེད་ཀྱི་ངོ་བོ་ནི་གཞན་དོན་གྱི་ཆེད་དུ་བྱང་ཆུབ་ལ་དམིགས་པའི་འདུན་པ་དང་སེམས་གཉིས་ཀའི་ཆ་ལ་འདོད་པ།

བོདཀྱི་མཁས་པ་རྗེ་ཙོང་ཁ་པསོགསཀྱིསབཤད་ཚུལ་དེརྣམས་ལ་ཞིབ་འཇུག་མཛད་ནས། གཞན་དོན་དུ་རྫོགས་པའི་བྱང་ཆུབའདོད་པ་དང་མཚུངས་ལྡན་དུ་འབྱུང་བའི་སེམས་ཤིག་ལ་བྱང་ཆུབ་ཀྱིསེམས་ཞེས་གསུངས་པ་ལྟར་རོ།

དེ་ལ་ཏུན་ཧོང་ཡིག་རྙིང་འདི་ལས། ཐེག་པ་ཆེན་པོ་ཕ་རོལ་ཏུཕྱིན་པ་དྲུག་གྀ་སྒོ་ནས་འཇུག་སྟེ། གང་ཟག་དང་ཆོས་གཉི་ག་ལ་བདགམྱེད་པར་རྟོགས་ནས། བདག་དང་གཞན་གྱི་དོན་གཉི་ག་སྒྲུབ་པས། སྙིང་རྗེ་ཆེན་པོ་དང་། ཤེསརབ་དུལྡནཔས། མཐར་བླ་ན་མྱེད་པའི་སངས་རྒྱས་ཀྱི་འབྲས་བུ་ཐོབ་པས་ཐེག་པ་ཆེན་པོ་ལགས་སོ། །ཞེས་བྱུངབས། ཚིག་ངོས་ནས་སེམས་བསྐྱེད་ཀྱི་ཐ་སྙད་མེད་ཅིང་ཐེག་པ་ཆེན་པོརཞུགས་པ་ལ་བདག་མེད་གཉིས་རྟོགས་དགོས་པར་བཤད་པ་དག་དེང་གིཕར་ཕྱིན་གཞུང་ལུགས་དང་ཅུང་ཟད་མི་མཐུན་པ་ལྟ་བུ་ཞིག་ཏུ་སྣང་ནཡང་དོན་ལ་དཔྱད་ན་མཐུན་པར་སེམས་ཏེ། བདག་གཞན་གྱི་དོན་གཉིག་སྒྲུབ་པས་གཞན་དོན་ལ་བརྩོན་པས་སོ། སྤྱིར་སྙིང་རྗེ་ཆེན་པོ་ཙམ་ནིཐེག་དམན་ལ་ཡང་ཡོད་པར་བསྟན་སྣང་མོད། ཐབས་ཤེས་ཡ་མ་བྲལབའི་སྙིང་རྗེ་ཆེན་པོ་ནི་ཐེག་ཆེན་པ་ལ་མ་གཏོགས་མེད་པས་དེ་ཉིད་སེམསབསྐྱེད་དང་མིང་ཐ་དད་པ་ཙམ་ལས་དོན་ལ་ངོ་བོ་གཅིག་ཏུ་གྱུར་པ་ཤེསཐུབ། ཡིན་ནའང་བྱང་ཆུབ་སེམས་ཀྱི་མིང་བརྡ་འདི་ཡིག་རྙིང་འདིའི་ཕྱིས་ཙམ་ལ་བྱུང་བ་ཤིན་ཏུ་གསལ

ཡིག་རྙིང་ལས། ཐེག་པ་ཆེན་པོའི་གང་ཟག་ཡིན་ན་བདག་མེདགཉིས་རྟོགས་དགོས་པ་ཁྱབ་པར་བཤད་པ་ནི་དཔྱད་པའི་གནས་ཏེ། བདག་མེད་གཉིས་མ་རྟོགས་པའི་སེམས་བསྐྱེད་རྒྱུད་ལ་སྐྱེས་མ་ཐག་པ་དེཐེག་ཆེན་གང་ཟག་ཡིན་པའི་ཕྱིར། ཡིན་ནའང་བདག་མེད་གཉིས་རྟོགསཔ་ཐེག་ཆེན་པ་མཆོག་དང་དབང་པོ་རྣོན་པོ་ལ་ཡོད་ཆོག་པ་དང་ཡོད་ནལེགས་པ་མི་འགལ་བའི་ཕྱིར། ཡང་ཡིག་རྙིང་འདིར། ཕ་རོལ་ཏུ་ཕྱིན་པདྲུག་གི་སྒོ་ནས་འཇུག་པར་བཤད་པ་དེ་ཡང་ཉམས་ལེན་གྱི་སྒོ་ནས་དང་དེ་རྒྱུད་ལ་ཡོད་པར་མ་ངེས་ཏེ། ཕར་ཕྱིན་དྲུག་གི་ལམ་མམ་ཡོན་ཏན་ཐེགཆེན་མཐོང་ལམ་ནས་ཐོབ་དགོས་ཚུལ་གསེར་ཕྲེང་ལས་བཤད་པས་སོ། དེས་ན་ཡིག་རྙིང་འདི་དེང་གི་ནང་རིག་གཞུང་ལུགས་ཀྱི་ཚིག་དོན་ཞིབ་ཆདང་བསྡུར་ན། ཚགས་མི་དམ་པ་དང་ཆ་དེ་ཙམ་མི་ཚང་བ་ཞིག་འདུག

གཉིས་པ། ལྟ་བའི་ཁྱད་པར་ལ་དཔྱད་པ།

ཐེག་པ་ཆེ་ཆུང་གི་བསམ་བློ་ལ་ཁྱད་པར་ཆེན་པོ་ཡོད་པ་དེ་བཞིནདུ་དེ་གཉིས་ཀྱི་ལྟ་བ་ལའང་ཤིན་ཏུ་མི་འདྲ་བའི་ཁྱད་པར་སྣང་སྟེ། ཐེག་པཆུང་ངུའི་གྲུབ་མཐའི་ལྟ་བ་ལས་བདེན་བཞིའི་ཁྱད་ཆོས་མི་རྟག་སོགས་བཅུདྲུག་ལ་དམིགས་ནས། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པར་བསྒོམ་པ་དེ་ནི་ཉན་ཐོས་ཀྱི་ཐེག་པའི་ལྟ་བ་ཡིན་ཏེ། དེས་ལྟ་བ་དེ་ཉིད་གང་ཟག་གི་བདག་མེད་ཕྲ་མོར་ཁས་ལེན་ཞིང་ཆོས་ཀྱི་བདག་མེད་ཅེས་པའི་དོན་དང་ཐ་སྙད་གཉིས་ཀ་ཁས་མི་ལེན་ནོ། དེ་ལ་བྱེ་བྲག་སྨྲ་བ་དང་མདོ་སྡེ་བ་གཉིས་ཕལ་ཆེར་མཐུན་ནོ།  དེས་ན་ལྟ་བ་ཞེས་པ་ནི་འདིར་ནང་བསྟན་གཞུང་ལུགས་ལས་བདག་མེད་པའི་ལྟ་བ་ལ་གོ་དགོས། ལྟ་བཞེས་པའི་ཐ་སྙད་དེ་ཡང་རྟོགས་བྱ་ཡུལ་དུ་གྱུར་པའི་བདག་མེད་དངརྟོགས་བྱེད་ཡུལ་ཅན་དུ་གྱུར་པའི་ཤེས་རབ་གཉིས་ཀ་ལ་འཇུག་པར་མཁསམཆོག་དཔལ་ལྡན་ཆོས་རྗེས་གསུངས་པས་དོན་ལ་མི་འགལ་ལོ།

ཐེག་པ་ཆེན་པོའི་གྲུབ་མཐའི་ལྟ་བ་ཇི་ལྟར་འཇོག་ཅེ་ན། དེ་གང་ཟག་གི་བདག་མེད་ཕྲ་རགས་གཉིས་དང་ཆོས་ཀྱི་བདག་མེད་དམ་སྟོང་ཉིདརྣམས་དང་དེ་དག་རྟོགས་པའི་ཤེས་རབ་ལ་ནང་པ་སངས་རྒྱས་པའི་ལྟ་བཞེས་ཟེར། འོན་ཀྱང་ཐེག་པ་ཆེན་པོའི་དམིགས་བསལ་གྱི་ལྟ་བ་ནི་སྟོངཉིད་དང་དེ་རྟོགས་པའི་ཤེས་རབ་གཉིས་ལ་འདོད་དོ། སྟོང་ཉིད་དངཆོས་ཀྱི་བདག་མེད་གཉིས་དོན་གཅིག་ཏུ་གོ་དགོས། དེ་ནི་ཐེག་པ་ཆེནཔོའི་དབུ་སེམས་གཉིས་ཀའི་ཐུན་མོང་གི་ལྟ་བ་ཡིན་ཞིང་། དབུ་མ་བསདེའི་སྟེང་དུ་ཆོས་ཐམས་ཅད་བདེན་པར་མ་གྲུབ་པའི་ལྟ་བ་ཁས་ལེན་ལ། ཁྱད་པར་དུ་དབུ་མ་ཐལ་འགྱུར་བས་ཆོས་ཐམས་ཅད་བདེན་པར་མ་གྲུབཔ་མ་ཟད་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཐ་སྙད་ཙམ་དུ་ཡང་མ་གྲུབ་པརཁས་ལེན་པ་ཡིན་ནོ།།

དེ་ལ་ཏུན་ཧོང་ཡིག་རྙིང་འདིར།མུ་སྟེགས་ཅན་གྱིས་བརྟགསཔ་ལྟ་བུའི་གང་ཟག་དང་། ང་དང་བདག་ལ་སོགས་པར་ལྟ་བ་མ་ལགསཀྱི། གང་ཟག་ལ་བདག་མ་མཆིས་པར་ནྀ་རྟོགས། གཟུགས་ལ་སྩོགས་པཕྱི་ནང་གྀ་ཆོས་ཀུན་ཀྱང་། དོན་དམ་པར་ཡང་ཆོས་ཙམ་དུ་ནི་མཆྀས་པརའཚལ་ཏེ་ཞེས་དང་།རང་སངས་རྒྱས་ཀྱི་ཐེག་པ་ནི་རྟེན་ཅྀང་འབྲེལབར་འབྱུང་བའྀ་སྒོ་ནས་འཇུག་སྟེ། གང་ཟག་ལ་བདག་མྱེད་པར་ཆུད། ཆོས་ལ་ཡང་གཟུགས་ཀྱི་ཕུང་པོ་ཙམ་དུ་བདག་མྱེད་པར་རྟོགས་ཏེ། ཉནཐོས་དབང་པོ་རྣོན་པོ་ཞིག་ཏུ་བསམ་པས། ཁྱད་པར་དེ་ཙམ་ལ་ཐེག་པའབྲིང་པོ་ཞེས་གདགས་ཞེས་དང་།ཐེག་པ་ཆེན་པོ་ཕ་རོལ་དུ་ཕྱིན་པདྲུག་གྀ་སྒོ་ནས་འཇུགསྟེ། གང་ཟག་དང་ཆོས་གཉི་ག་ལ་བདག་མྱེད་པརརྟོགསཞེས་སོགས་བྱུང་བ་ནི་ཐེག་པ་ཆེ་ཆུང་གི་ལྟ་བ་བཤད་པར་འདོདདགོས་མོད། འོན་ཀྱང་དེ་ནི་ཐེག་པ་ཆེན་པོའི་དབུ་མ་བའི་ལུགས་ཀྱི་ཐེག་པ་ཆེ་ཆུང་གང་ཟག་གི་ལྟ་བ་ལ་གོ་དགོས་པ་ཡིན་ཏེ། དེ་ནི་ཐེག་ཆེན་གྲུབ་མཐའ་དབུ་མ་རང་རྒྱུད་པའི་ལུགས་ལ་ཐེག་པ་གསུམ་གྱི་རྟོགས་རིགས་མི་འདྲ་བ་ལྟར་བཤད་པ་ཁོ་ན་ཡིན་པའི་ཕྱིར། ཁྱབ་སྟེ། ཐེག་པ་ཆེ་ཆུང་གི་གྲུབ་མཐའ་དང་དེའི་ལྟ་བའི་ཁྱད་པར་གོང་ལྟར་འཇོག་དགོས་པའི་ཕྱིར། དེར་ཐལ། ཉན་ཐོས་དང་རང་རྒྱལ་གཉིས་ལ་ཐེག་པ་ཆུང་ངུའི་གང་ཟག་ཡིན་པས་ཁྱབ་ཀྱང་ཐེག་པ་ཆུང་ངུའི་གྲུབ་མཐའ་པ་དང་དེའི་ལྟ་བ་འཛིནམཁན་ཡིན་པས་མ་ཁྱབ་པའི་ཕྱིར། དེར་ཐལ། ཉན་ཐོས་འཕགས་པདང་རང་རྒྱལ་འཕགས་པ་གཉིས་གང་རུང་ཡིན་ན་ཐེག་ཆེན་གྲུབ་མཐའ་བཡིན་པས་ཁྱབ་པའི་ཕྱིར་ཏེ། དེ་ཡིན་ན་དབུ་མ་པ་ཡིན་པས་ཁྱབ་པ་ཡོདཔའི་ཕྱིར། དེ་ཡིན་ན་དབུ་མའི་ལྟ་བ་བདེན་མེད་མངོན་སུམ་དུ་རྟོགསཔས་ཁྱབ་པའི་ཕྱིར་རོ། དེས་མ་ཟད་བྱང་ཆུབ་ཀྱི་སེམས་རྒྱུད་ཅན་གྱི་གང་ཟག་ཡིན་ན་ཐེག་པ་ཆེན་པོའི་བྱང་ཆུབ་སེམས་དཔའ་ཡིན་པས་ཁྱབ་ཀྱང་། དེ་ཡིན་ན་ཐེག་ཆེན་གྱི་གྲུབ་མཐའ་པ་དང་དེའི་ལྟ་བ་འཛིན་མཁན་ཡིན་པས་མ་ཁྱབ་སྟེ། ཐེག་དམན་གྱི་གྲུབ་མཐའ་བྱེ་བྲག་སྨྲ་བ་དང་མདོ་སྡེ་པཡིན་པའི་ཐེག་ཆེན་གྱི་བྱང་ཆུབ་སེམས་དཔའ་ཤིན་ཏུ་མང་བའི་ཕྱིར། དེ་བཞིན་དུ། སེམས་ཙམ་པའི་གྲུབ་མཐའ་སྨྲ་བ་ཡིན་ན་ཡང་སེམས་ཙམ་པ་ཡིན་མི་དགོས་ཏེ། སེམས་ཙམ་པའི་ཤིང་རྟའི་སྲོལ་འབྱེད་མཁན་སློབ་དཔོན་ཐོགས་མེད་ཉིད་སེམས་ཙམ་པ་མ་ཡིན་པའི་ཕྱིར། དེའི་དགོངས་པ་དབུ་མར་གནས་པར་རྒྱུད་བླ་མའི་འགྲེལ་པ་ལས་གསལ་བའི་ཕྱིར། དེ་ནི་སྔོན་བྱོན་མཁས་པའི་རིགས་གཞུང་ལས་འོངས་པ་བཞིན་བཤད་པ་ཡིན། འོན་ཀྱང་དེང་དུས་བོད་རིག་པའི་མཁས་པ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་གཞན་ཕྱོགས་ཀྱི་བ་ཤད་ལུགས་དག་ལ་ཉམས་ཞིབ་དང་རྒྱུད་བླ་མའི་འགྲེལ་པའི་མིང་བརྡའི་འཕེལ་རིམ་གུང་བསྒྲིགས་ནས་དེ་ཉིད་ཐོགས་འགྲེལ་མ་ཡིན་པའི་གསལ་བཤད་བྱམས་ཆོས་བསྐྱར་ཞིབ་དྲང་ངེས་མཛེས་རྒྱན་ནང་གནང་ཡོད་པ་ལྟར་ན་གོང་ལྟར་མི་འཐད་ཅིང་། ཁོང་གིས་ད་དུང་མཚོ་སྔོན་མི་རིགས་སློབ་ཆེན་དུ་དཔེ་ཁྲིད་གནང་སྐབས་སུ་སེམས་ཙམ་པའི་ཤིང་རྟའི་སྲོལ་འབྱེད་མཁན་ཡིན་ན་སེམས་ཙམ་པ་ཡིན་པས་ཁྱབ་པར་ཁས་བླངས་ན་ལུང་རིགས་ཀྱི་གནོད་པས་དབེན་པར་གསུངས། དེ་ལ་རེ་ཞིག་དོགས་པ་འདི་ཡོད་དེ། སྤྱིར་ལུགས་གང་ཞིག་གི་སྲོལ་ཕྱེ་ན་འབྱེད་མཁན་རང་ཉིད་སྲོལ་དེ་ལ་གནས་མིན་ཅི་རིགས་ཡོད་ཆོག་པ་དང་། གཞན་ཐོགས་མེད་ཀྱིས་ས་གསུམ་པ་བརྙེས་པར་བཤད་པགལ་ཏེ་ཁས་ལེན་ཚེ་དེས་ཀྱང་ཁོང་གི་ལྟ་བ་དབུ་མར་གནས་པར་དོན་གྱིསབཞེད་དགོས་པ་ལྡོག་མེད་ཡིན་པའི་ཕྱིར།

དེས་ན་ཡིག་རྙིང་གི་བཤད་པ་དེ་ནི་སྐབས་དེར་བོད་ལ་ནང་དོན་རིག་པའི་གཞུང་ལུགས་ཀྱི་གཤོག་རླབས་དེ་ཙམ་རྒྱས་མེད་པའི་དན་རྟགས་སམ་དུས་དེར་བོད་ལ་མཁན་ཆེན་ཞི་བ་འཚོའི་ལུགས་ཀྱི་གྲུབ་མཐའ་གཙིགས་ཆེན་དུ་འཛིན་ཅིང་ཆེས་ཆེར་རྒྱས་འགོ་རྩོམ་བཞིན་པའི་ཤན་ཞུགས་ཤིག་ཀྱང་ཨེ་ཡིན་སྙམ་པ་འཆར་ཞིང་། ལར་རྗེ་བཙུན་ཤེས་རབ་རྒྱ་མཚོས། ཐེག་པ་མཆོག་དམན་དང་གྲུབ་མཐའ་མཆོག་དམན་གཉིས་སྡེབ་གཅིག་ཏུ་བསྲེས་ཤིང་ནོར་བ་རྒྱ་གར་ན་ཡོད་མེད་ཤེས་ཀྱང་བོད་ན་མང་ངོ་ཞེས་གསུངས་པ་ཡང་ཐོས་ཙམ་ཉིད་ན་རང་གིས་རང་ལ་སྡངབ་ཐལ་དྲགས་པ་འདྲ་ཞིག་ཤར་མོད། སྔ་མའི་བརྩམས་ཆོས་དག་ལ་ཞིབཏུ་བརྟགས་ན་གནད་དུ་འཁེལ་བའི་ལེགས་བཤད་དུ་འདུག་པ་རྣམ་དཔྱོདཅན་གྱི་ངོར་ཧ་ཅང་གསལ།

གསུམ།  གང་ཟག་གི་ཁྱད་པར་ལ་དཔྱད་པ།

དེ་ཡང་ཐེག་པ་གསུམ་གྱི་རང་རང་གི་ལམ་ལ་ཐོག་མར་ཞུགས་ཏེབགྲོད་པའི་རིམ་པ་དང་རིགས་དབྱེའི་དབང་དུ་བྱས་པའམ། ཡང་ན་གཞུང་ལུགས་ནས་འདི་ལ་ཐེག་པ་སོ་སོའི་རིགས་ངེས་གང་ཟག་གི་དབང་དུ་བྱས་ན། ལམ་ལ་ཞུགས་མ་ཞུགས་ཀྱི་གང་ཟག་ཡོད་ཚད་སོ་སྐྱེདང་འཕགས་པ་གང་རུང་གི་ནང་དུ་འདུ་ཞིང་། ལམ་ལ་མ་ཞུགས་པ་ཡིནན་སོ་སྐྱེ་ཡིན་པས་ཁྱབ་ཅིང་། རིགས་ངེས་ཐེག་པ་གསུམ་གང་རུང་གི་ལམལ་ཞུགས་པའི་ཚོགས་ལམ་པ་དང་སྦྱོར་ལམ་པ་གང་རུང་ཡིན་ན་ཡང་སོ་སོསྐྱེ་བོ་ཡིན་པས་ཁྱབ་བོ། འཕགས་པའི་གང་ཟག་ལ་ཡང་དབྱེ་ན། ཉནཐོས་འཕགས་པ་དང་། རང་རྒྱལ་འཕགས་པ་སྟེ་ཐེག་ཆུང་གི་འཕགས་པགཉིས། བྱང་སེམས་འཕགས་པ། སངས་རྒྱས་འཕགས་པ་སྟེ་ཐེག་ཆེན་གྱིའཕགས་པ་གཉིས་ཏེ་བཞི་ཡོད། དེ་བས་འཕགས་པ་ལ་དགྲ་བཅོམ་པཡིན་མིན་གཉིས་ཡོད་དེ། མཐོང་ལམ་ཐོབ་མ་ཐག་པའི་ཉན་ཐོས་རངརྒྱལ་བྱང་སེམས་རྣམས་དགྲ་བཅོམ་པ་མ་ཡིན་པའི་འཕགས་པ་དང་། མིསློབ་ལམ་ཐོབ་པའི་ཉན་རང་སངས་རྒྱས་རྣམས་དགྲ་བཅོམ་དུ་གྱུར་པའིའཕགས་པ་ཡིན། དེས་ན་དགྲ་བཅོམ་པ་ཡིན་ན་འཕགས་པ་ཡིན་པསཁྱབ་བོ། དགྲ་བཅོམ་པ་ལ་ཡང་སངས་རྒྱས་ཡིན་མིན་གཉིས་ཡོད་དེ། ཉན་རང་མི་སློབ་པའི་ལམ་ཐོབ་པ་རྣམས་དགྲ་བཅོམ་པ་ཡིན་ན་ཡངསངས་རྒྱས་མིན་ཏེ། ཡིག་རྙིང་འདི་ལས།ཐ་མར་འབྲས་བུ་ཡང་དགྲབཅོམ་པ་མན་ཅད་ལས་མྱི་ཐོབ་སྟེ་ཞེས་གསུངས་པ་དང་མཐུན་པའི་ཕྱིརརོ། དེའི་ཕྱིར་ཐེག་ཆེན་གྱི་མི་སློབ་ལམ་ནམ་ཐོབ་པའི་ཚེ་ན་མཐར་ཐུག་གིལམ་བགྲོད་ཟིན་པ་ཡིན་པས་སངས་རྒྱས་འཕགས་པར་གྱུར་པ་ཡིན།

བཞི། གཞུང་ལུགས་ཀྱི་ཁྱད་པར་ལ་དཔྱད་པ།

སྤྱིར་ཐེག་པ་ཆེ་ཆུང་གི་གཞུང་གི་ཁྱད་པར་ནི་ཡིག་རྙིང་འདིར།ཐེག་པ་ཆུང་ངུ་ནི་ཉན་ཐོས་ཀྱྀ་ལྟ་བའྀ་གཞུང་ལགས་ཏེ། བདེན་པ་བཞྀའི་སྒོ་ནས་འཇུག་ལ་ཞེས་དང་།ཐེག་པ་ཆེན་པོ་ཕ་རོལ་དུ་ཕྱིན་པདྲུག་གྀ་སྒོ་ནས་འཇུག་ཅེས་གསུངས་ཤིང་། ཕར་ཕྱིན་གཞུང་རང་ལས། རང་གི་ཆེད་དུ་བྱ་བའམ་ཐད་ཀར་གསུང་ཡུལ་གྱི་གདུལ་བྱ་ཐེག་པ་ཆེན་པོ་ལ་དམིགས་ཏེ་བརྩམས་པ་ནི་ཐེག་ཆེན་གྱི་གཞུང་དང་། གདུལ་བྱ་ཐེག་པཆུང་ངུའི་གང་ཟག་གི་ཆེད་དུ་དམིགས་ཏེ་བརྩམས་པ་ནི་ཐེག་ཆུང་གིགཞུང་ཡིན་པར་གསུངས། ཡང་གཞུང་དེའི་ཆེད་དུ་བྱ་བའི་གདུལ་བྱརགྱུར་ཚད་ནི། གཞུང་ལུགས་དེ་ལ་བརྟེན་ནས་མཐར་ཐུག་གི་དགོས་པ་དེཉིད་འགྲུབ་པའམ་ཉིང་དགོས་གྲུབ་དགོས་པའོ། དེ་ཡང་ཐེག་པ་ཆེ་ཆུངགི་གྲུབ་མཐའི་ཁྱད་པར་གྱིས་ཀྱང་དབྱེ་བ་འབྱེད་ཆོག་སྟེ། ཆོས་འཁོརགསུམ་ལས་དང་པོ་བདེན་བཞིའི་ཆོས་འཁོར་དེའི་ཕྱོགས་གཏོགསདགོངས་འགྲེལ་དང་བཅས་པ་ནི་ཐེག་པ་ཆུང་ངུའི་གཞུང་ཡིན། འཁོར་ལོཕྱི་མ་གཉིས་ཏེ་བཀའ་བར་པ་ཤེར་ཕྱིན་གྱི་མདོ་དང་བཀའ་ཐ་མ་མདོ་སྡེདགོངས་འགྲེལ་འགྲེལ་པ་དང་བཅས་པ་ནི་ཐེག་པ་ཆེན་པོའི་གཞུང་ཡིནཏེ། ཐེག་ཆུང་པའི་གྲུབ་མཐའ་ཉན་ཐོས་སྡེ་གཉིས་ཀྱིས་འཁོར་ལོ་དངཔོའི་རྗེས་སུ་འབྲངས་ཤིང་། ཐེག་པ་ཆེན་པོའི་གྲུབ་མཐའ་དབུ་སེམསགཉིས་ཀྱིས་འཁོར་ལོ་ཕྱི་མ་གཉིས་ཀྱི་རྗེས་སུ་འབྲངས་ཡོད་པའི་ཕྱིར། དེས་ན་ཐེག་པ་ཆེ་ཆུང་གི་གཞུང་གི་ཁྱད་པར་དེ་ཉིད་མཐར་གཏུགས་ནརང་གི་བརྗོད་བྱ་ལ་ལྟོས་ནས་འཇོག་དགོས་པས། རྒྱའི་ལུགས་འགའ་ཞིགལྟར་བསྟན་བཅོས་ཡིན་ཚད་ལ་མདོ་དང་། མདོ་དེ་ཡང་ཐེག་པ་ཆེན་པོའིམདོ་རུ་འདོགས་རྐྱང་བྱས་པ་ནི་དགོས་དབང་གིས་དེ་ལྟར་བཏགས་པ་ལསགསུང་རབ་ཡོད་ཚད་ཐེག་པ་ཆེན་པོའི་མདོ་ཤ་སྟག་གཏན་ནས་མིན་པཤེས་དགོས།

དེས་ན་བྱེ་བྲག་སྨྲ་བ་དང་མདོ་སྡེ་བ་གཉིས་ཀྱིས་ཐེག་པ་ཆེན་པོའིགཞུང་ལུགས་རྣམས་སངས་རྒྱས་ཀྱི་གསུང་དང་དགོངས་པ་ཡིན་པར་ཁསམི་ལེན་པས། ཆོས་ཀྱི་འཁོར་ལོ་བར་བ་དང་ཐ་མ་གཉིས་ཀྱང་ཆོས་འཁོརགྱི་མཚན་གཞི་ལ་མི་འཇོག དེའི་ཕྱིར་དེ་གཉིས་ཀྱིས་ཆོས་འཁོར་ཡིན་པ་ལབདེན་བཞིའི་ཆོས་འཁོར་ཡིན་དགོས་པས་ཁྱབ་པར་འདོད་དོ། འོན་ཀྱངརྒྱལ་ཚབ་དར་མ་རིན་ཆེན་གྱིས་ཉན་ཐོས་སྡེ་པ་འགའ་ཞིག་གིས་ཤེར་ཕྱིནགྱི་མདོ་སོགས་ཐེག་ཆེན་གྱི་བཀའ་ཡིན་པར་བཤད་ཅེས་གསུངས་ཀྱངརིགས་པས་བརྟགས་ན། དེ་ནི་དེ་ལྟར་ཁས་ལེན་རྒྱུར་དགོངས་པ་ལས་ཁས་བླངས་པར་བཤད་པ་མིན་པར་སེམས། གཞན་དུ་ན་དེ་དག་གི་ལུགས་ལ་བཀའ་ཡིན་ན་ཆོས་འཁོར་ཡིན་པས་མ་ཁྱབ་པར་ཁས་ལེན་དགོས་པར་གྱུར་པས་འཐད་ལྡན་དུ་མ་མཐོང་ངོ་།

ལྔ། མྱང་འདས་ཀྱི་ཁྱད་པར་ལ་དཔྱད་པ།

སྤྱིར་མྱངའདས་ཞེས་པ་མྱ་ངན་ལས་འདས་པ་ཞེས་པའི་བསྡུས་ཚིག་ཡིན་ཞིང་། མྱ་ངན་ནི་སྡུག་བསྔལ་གྱི་དོན་དང་དེ་ལས་འདས་པའམ་ཐར་པ་ལ་གོ་དགོས་སོ། འོ་ན་ཐར་པ་ཞེས་པ་དེ་ཇི་འདྲ་ཞིག་ཡིན་ཞེ་ན། སེམས་ཅན་གྱི་སྐྱེ་རྒ་ན་འཆི་སོགས་མི་འདོད་པའི་སྡུག་བསྔལ་དང་། དེདག་སྐྱེད་བྱེད་ཀྱི་རྒྱུ་ལས་དང་ཉོན་མོངས་ཀྱི་དབང་གིས་གཞན་དབང་དུགྱུར་པའམ་བཅིངས་པ་ལས་གྲོལ་བ་ཞིག་ལ་ཐར་པ་ཟེར། དེ་ཡང་གངཟག་རང་ཉིད་སྐྱེ་སའི་གནས་ལ་འདོད་ཁམས། གཟུགས་ཁམས། གཟུགས་མེད་ཁམས་གསུམ་ཡོད། འགྲོ་བའི་རིགས་ཀྱི་སྒོ་ནས་ལྷ་སོགསལྔའམ་དྲུག་ཡོད། སྐྱེ་ཚུལ་གྱི་སྒོ་ནས་མངལ་སྐྱེས། སྒོང་སྐྱེས། དྲོདགཤེར་སྐྱེས། རྫུས་སྐྱེས་ཏེ་སྐྱེ་གནས་བཞི་སོགས་སུ་རྣམ་པར་ཤེས་པའིཕུང་པོ་ཉིང་མཚམས་སྦྱོར་བ་སྟེ་སྐྱེ་བ་བླངས་པ་ནི་སྡུག་བསྔལ་དངབཅིངས་པའི་རང་བཞིན་ཅན་ཡིན་པས་དེ་ལས་གྲོལ་བ་ལ་ཐར་པ་ཐོབ་པཡིན་ཞེས་འདོད་དོ།

ཏུན་ཧོང་ཡིག་རྙིང་འདིར།ཁམས་གསུམ་ནི་དུག་གསུམ་གྱྀསའཁོར། རྣམ་པ་མྱི་རྟོག་ན་མྱ་ངན་ལས་འདའ་ཞེས་དུག་གསུམ་གྱིསའཁོར་བར་བཅིངས་པ་དང་སྡུག་བསྔལ་བསྐྱེད་པར་བསྟན་ཅིང་། འདིའིལྡོག་ཕྱོགས་ཀྱི་རྣམ་རྟོག་ནི་ཚད་མ་རྣམ་འགྲེལ་དུ།རྟོག་པའི་དྲ་བརྣམ་བསལ་ཅིང་། །ཞེས་པའི་སྐབས་ཀྱི་རྟོག་པ་སྟེ་ཞེན་པའམ་བདེནཞེན་ལ་གོ་དགོས་ཤིང་། དེ་ཉིད་ཀྱིས་འཁོར་བ་ལས་མི་ཐར་པར་བྱེད་དེ། ཀླུ་སྒྲུབ་ཀྱིས།ཇི་སྲིད་ཕུང་པོ་འཛིན་ཡོད་པ། ། དེ་སྲིད་དེ་ལ་ངརའཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་དེ། །དེ་ལས་ཡང་ནི་སྐྱེ་བཡིན། །ཞེས། ནམ་ཞིག་རྣམ་རྟོག་དེ་ཉིད་སྤངས་པ་ན་ཐར་པའམ་མྱངའདས་ཐོབ་ཐུབ་པར་གསུངས།

དེས་ན་ཚིག་འདི་འདྲ་ལ་བརྟེན་ནས་སྔ་དེང་གི་ཞིབ་འཇུག་པ་དགགིས། ཡིག་རྙིང་ཤོག་དྲིལ་འདི་ཉིད་བསམ་གཏན་མཁན་པོ་མ་ཧཱ་ཡནགྱིས་བརྩམས་པ་ཡིན་པས། རྒྱའི་ཧྭ་ཤང་གི་ལྟ་བ་རྣམ་རྟོག་ཐམས་ཐད་སྤང་བྱ་ཡིན་པ་དང་རྣམ་པར་མི་རྟོག་པ་སྟེ་ཅི་ཡང་ཡིད་ལ་མི་བྱ་བར་གྲགས་གཅིག་ཏུ་དེ་ལྟར་འགྲེལ་མི་རུང་བར་སེམས་ཏེ། ཡིག་རྙིང་འདིར།དོན་དམ་པར་རང་བཞིན་མཾཆིས་པར་རྟོགས་ན། ཀུན་རྫོབ་ནི་ཐབས་ལགས་ལ། དོན་དམ་པར་ནི་ཐབས་ལས་བྱུང་བ་ལགསྟེཞེས་རྣམ་རྟོགདེ་ཉིད་ཀྱང་ཀུན་རྫོབ་ཡིན་པ་གཞིར་བྱས་དེ་ཉིད་ཐབས་སུ་གསུངས་ཤིང་། དེ་ཡང་དུག་གསུམ་ལས་གཏི་མུག་གི་རང་བཞིན་ཡིན་པས་དེའི་དབང་གིསའཁོར་བར་འཁོར་བ་ཡང་བཤད་དཀའ་བར་འགྱུར་བའི་ཕྱིར། ཐརཔའམ་མྱང་འདས་དེ་ལ་ཡང་ཐེག་དམན་གྱི་མྱང་འདས་དང་ཐེག་ཆེན་གྱིམྱང་འདས་གཉིས་སུ་དགར་དགོས། ཏུན་ཧོང་ཡིག་རྙིང་འདིར།དེ་ལམྱ་ངན་ལས་འདའ་བ་ཡང་རྣམ་གཉིས་ཏེ། ཉན་ཐོས་དང་། རང་རྒྱལ་གྱིམྱ་ངན་ལས་འདའ་བ་དང་། ཐེག་པ་ཆེན་པོའི་མྱ་ངན་ལས་འདསཔའོ། །ཞེས་གསུངས་པ་ལྟར་ཡིན། དེ་ལ་ཡང་ནང་གསེས་ཀྱིས་ལྷགབཅས་ཀྱི་མྱང་འདས་དང་ལྷག་མེད་ཀྱི་མྱང་འདས། མི་གནས་པའི་མྱངའདས་གསུམ་ཡོད། དེ་གསུམ་གྱི་འཇོག་ཚུལ་ལ་གྲུབ་མཐའ་སྨྲ་བ་རྣམསཅུང་ཟད་མི་མཐུན། སྤྱིར་ཐར་པ་འཐོབ་པ་ལ་སྤང་བྱའི་སྒྲིབ་པ་གཉིསཡོད་པའི་ནང་གི་ཉོན་སྒྲིབ་དེ་རྩ་བ་ནས་སྤངས་པའི་སྤངས་ཆའམ་སོ་སོརབརྟག་འགོག་དེ་མྱང་འདས་ཀྱི་མཚན་ཉིད་དུ་འདོད། འདི་ཙམ་འགྲུབམཐའ་ཕལ་ཆེར་མཐུན་མོད་། ཉོན་སྒྲིབ་སྤངས་ཀྱང་སྔ་མའི་ལས་ཉོན་གྱིསའཕངས་པའི་སྡུག་བསྔལ་གྱི་ཕུང་པོའི་ལྷག་མ་དང་བཅས་པའི་སྐབས་ཀྱིམྱང་འདས་དེ་ལྷག་བཅས་མྱང་འདས་ཀྱི་མཚན་ཉིད་དུ་འདོད། འདི་ལཐེག་དམན་གྱི་མྱང་འདས་ཀྱིས་ཁྱབ་པས། ཉན་རང་གཉིས་ཀྱི་མྱང་འདས་ཡིན།

ཏུན་ཧོང་ཡིག་རྙིང་འདིར།དེ་ལ་ཉན་ཏོས་དང་རང་རྒྱལ་ནིདུག་གསུམ་ཉྀད་རྣམ་པར་དག་ཅྀང་། རང་བཞིན་མྱེད་པར་མ་ཤེས་ནས། གཉེན་པོའི་ཐབས་སྣ་ཚོགས་ཀྱིས། དུག་གསུམ་བཀག་ནས། མྱ་ངནའདས་པའྀ་ཞི་བ་ཕྱོགས་གཅྀག་ལ་གནས་ཤིང་། བླང་དོར་གྱི་ཤེས་རབ་དུགྱུར་པའོ། །ཞེས་གསུངས་པ་ལྟ་བུ་ལ་མཚོན་ན། དུག་གསུམ་རྣམ་པརདག་པ་སྟེ། ཉོན་སྒྲིབ་སྤངས་པའི་སྟེང་དུ་རང་ཉིད་ཞི་བའི་བདེ་བས་ཚིམས་ནས་དེའི་ཕྱོགས་གཅིག་ཏུ་གནས་པ་ལ་ཐེག་དམན་གྱི་མྱང་འདས་སུ་གསལ་ཁ་བཏོད་པ་ནི་ཕྱི་རབས་ཕར་ཕྱིན་གྱི་གཞུང་དག་ཏུ་ཐོན་མེད་པའིབཤད་པ་ཞིག་གོ

ཉོན་མོངས་སྤངས་པ་མ་ཟད་དེས་བསྐྱེད་པའི་སྡུག་བསྔལ་གྱི་ཕུང་པོ་ཡང་སྤངས་པའི་མྱང་འདས་དེ་ནི་ལྷག་མེད་ཀྱི་མྱང་འདས་ཀྱི་མཚན་ཉིད་ཡིན། འདི་ལ་ཐེག་པ་ཆེ་ཆུང་གཉིས་ཀའི་མྱང་འདས་ཡོད། སྲིད་པ་དང་ཞི་བའི་མཐའ་སྟེ་རྒུད་པའམ་དམན་པ་གཉིས་ལས་གྲོལ་བའི་མྱང་འདས་དེ་ནི་མི་གནས་པའི་མྱང་འདས་ཀྱི་མཚན་ཉིད་ཡིན། སྒྲིབ་གཉིསསྤངས་པའི་མྱང་འདས་དེ་ཐེག་ཆེན་གྱི་མྱང་འདས་ཀྱི་མཚན་ཉིད་ཡིན་ལ། འདི་དང་མི་གནས་པའི་མྱང་འདས་གཉིས་དོན་གཅིག་སྟེ། ཏུན་ཧོང་ཡིགརྙིང་འདིར།དེ་ལ་ཐེག་པ་ཆེན་པོ་ནི་དུག་གསུམ་ཉིད་རང་བཞྀན་གྱིས། རྣམ་པར་དག་ཅྀང་མ་བྱུང་མ་སྐྱེས་པར་ཡང་དག་པའྀ་ཤེས་རབ་ཀྱྀས། ཡང་དག་པ་ཇི་ལྟ་བ་བཞྀན་དུ་སོ་སོ་རང་གི་བློས་རྀག་ནས་བླང་དོར་མྱེདཔ། ཅི་ལ་ཡང་མི་གནས་པའི་མྱ་ངན་ལས་འདས་པའོ། །ཞེས་གསལབ་ལྟར་རོ། འོན་ཀྱང་ཐལ་འགྱུར་བའི་ལུགས་ལྟར་ན། འཇུག་ཤེས་ལཡུལ་དྲུག་གང་རུང་རང་ངོས་ནས་གྲུབ་པར་སྣང་བའི་བློ་མངོན་གྱུར་པདང་བཅས་མ་བཅས་ཀྱིས་འཇོག་པས། ཐོག་མར་ལྷག་མེད་མངོན་དུ་བྱསནས་རྗེས་ཐོབ་ཀྱི་ཚེ་ལྷག་བཅས་མངོན་དུ་བྱ་བ་ཡིན།

གསུམ་པ། ཡིག་རྙིང་ལས་ཐོབ་པའི་བློ་སྐྱེད་གསར་པ།

དེ་ཡང་ཡིག་རྙིང་འདིར་ཐེག་པ་ཆེ་ཆུང་གི་ཁྱད་པར་སོགས་བཤད་ནས། ཐེག་པ་ཆེན་པོ་ལ་དྲང་བའི་དོན་དང་ངེས་པའི་དོན་གཉིས་སུ་ཕྱེ་སྟེ་དང་པོ་དྲང་དོན་ལ་སེམས་ཙམ་པའི་གྲུབ་མཐའམ་ལྟ་བ་བཞག ཕྱི་མ་ལཡིག་རྙིང་འདི་ཉིད་ལས།ངེས་པའྀ་དོན་ཐེག་པ་ཆེན་པོའི་དབུ་མ་པ་ནི། ཀུན་རྫོབ་དུ་ཕྱི་ནང་གྀ་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་སྒྱུམའི་མཚན་ཉིད་ཙམ་དུ་ཡོད་ལ། དོན་དམ་པར་ནང་གི་སེམས་དང་། ཕྱིའི་ཡུལ་གཉྀ་ག་ཡང་བདག་དང་གཞན་དང་། གཉི་ག་དང་རྒྱུ་མེད་པལས་མ་སྐྱེས་པས། རང་བཞིན་དང་དངོས་པོ་མྱེད་དེ། ཡོད་མེད་ཀྱིམཐའ་གང་ལ་ཡང་མ་ཆགས་མྱི་གནས་པ་ལགསོ། ། དེ་ལ་དབུ་མ་རྣམགཉིསུ་བརྟག་པ་ནི། རྣལ་འབྱོར་སྤྱོད་པའི་དབུ་མ་ནྀ། ཀུན་རྫོབ་ཏུ་ཕྱྀའིཡུལ་སེམས་ལས་འགྱུརད་པར་འཚལ། མདོ་སྡེ་དབུ་མ་ནི་ཡུལ་རང་རྒྱུདཀྱིས་གུད་ན་མཆིས་པར་འཚལ་ཏེ། འདྀ་གཉི་ག་ཡང་རྟེན་ཅིང་འབྲེལབར་འབྱུང་བའི་སྒོ་ནས། དོན་དམ་པར་རང་བཞིན་མཆིས་པར་རྟོགསན། ཀུན་རྫོབ་ནི་ཐབས་ལགས་ལ། དོན་དམ་པར་ནི་ཐབས་ལས་བྱུང་བལག་སྟེ། དབུ་མའྀ་རང་བཞིན་མྱེད་ཅིང་གང་ལ་ཡང་མྱི་གནས་པར་རྟོགསཔའི་ཐབས་སུ། འགྱུར་བར་འདྲ་བས། གཉི་ག་ཡང་ཐེག་པ་ཆེན་པོ་དབུམ་ལགས་སོ། །ཞེས་གསུངས་པས། དེ་ལ་དཔྱད་ན་ཤོག་དྲིལ་འདིསགཙོ་བྱས་ཏུན་ཧོང་ཡིག་རྙིང་ཕལ་མོ་ཆེ་ནི་དུས་རབས་བཅུ་པའི་དུས་མཇུག་ཙམ་གྱི་ཡར་སྔོན་ཏེ། ལོ་ཆིག་སྟོང་ལྷག་གི་སྔ་རོལ་ཏུ་གཏེར་དུ་སྦས་པར་མངོན་ཞིང་། དེ་ལྟར་ན། དེ་དུས་རྒྱ་བོད་ཀྱི་ལོ་རྒྱུས་རྣམས་སུ་རྒྱ་ནག་དང་བོད་ལ་ནང་བསྟན་ཆེས་ཆེར་རྒྱས་ཡོད་པར་བཤད་ཀྱང་གཞུངལུགས་དང་གྲུབ་མཐའི་ཆ་ནས་ད་དུང་དེ་འདྲའི་ཞིབ་ཆ་དང་འཕེལ་རྒྱསབྱུང་མེད་པར་ཤེས་ཏེ། ཡིག་རྙིང་འདིར་ཐེག་པ་ཆེན་པོའི་དབུ་མའི་གྲུབམཐའ་བཤད་པའི་སྐབས་སུ། དབུ་མ་པ་ལ། རྣལ་འབྱོར་སྤྱོད་པའི་དབུམ་པ་དང་མདོ་སྡེ་སྤྱོད་པའི་དབུ་མ་པ་སྟེ་དབུ་མ་རང་རྒྱུད་པ་གཉིས་ཙམལས་མ་བཤད་པས། སྐབས་དེར་དབུ་མ་པའི་གྲུབ་མཐའི་ཡང་རྩེ་ཐལའགྱུར་པ་དེ་ད་དུང་གསལ་ཁ་བཏོད་མེད་པའམ་ཡོངས་སུ་མ་གྲགས་ཤིངདར་མེད་པ་ཤེས་ཤིང་། ཡིག་རྙིང་འདི་ཉིད་བོད་ཀྱི་ཡུལ་དུ་ཞི་བ་འཚོ་དངཀ་མ་ལ་ཤཱི་གཉིས་ཀྱིས་རྣལ་འབྱོར་སྤྱོད་པའི་དབུ་མ་གསར་དུ་འཆད་སྤེལབྱས་ཏེ་ཅང་འགོར་མེད་པའི་སྔ་གཞུག་ཙམ་དུ་བྲིས་པ་ཡང་རྗེས་སུ་དཔོགཐུབ་པའི་ཕྱིར། འོན་ཀྱང་ཡིག་རྙིང་འདིའི་ཚིག་དོན་གྱི་ཆ་ནས་ཐལ་འགྱུར་པའི་ལུགས་ཀྱི་སྒྲོས་ཟིནཀྱང་ཅུང་ཟདཞུགས་ཡོད་པར་སེམས་ཏེ། རྟེན་འབྲེལ་སྒྱུ་མའི་མཚན་ཉིད་ཙམ་དུ་འདོད་པ། རང་བཞིན་མེད་པདང་། དོན་དམ་པར་རང་བཞིན་མེད་པ་སོགས་བཤད་ཚུལ་ཡོད་པ་གོངདུ་དྲངས་པ་ལས་གསལ་བའི་ཕྱིར། ཁྱད་པར་དུ་བདེན་གྲུབ་དང་བདེནམེད་ཀྱི་བརྡ་ཆད་གཅིག་ཀྱང་སྦྱར་ཏེ་བཤད་མེད་པ་ཡང་ཡིག་རྙིང་འདིའི་ཐུན་མིན་གྱི་ཁྱད་ཆོས་སུ་གོའོ།

གོ་རིམ་གྱི་སྒོ་ནས་ཀྱང་མདོ་སྡེ་སྤྱོད་པའི་དབུ་མ་སྔོན་དུ་མ་བཤདཔར་རྣལ་འབྱོར་སྤྱོད་པའི་དབུ་མ་སྔོན་དུ་བཤད་པ་དེ་བོད་སྔ་མ་ཁ་ཅིགདང་རྒྱལ་བ་དགེ་བདུན་རྒྱ་མཚོ་སོགས་འགའ་རེས་ཀྱིས་ཀྱང་དེ་ལྟར་གནངམོད་ཅུང་མི་འོས་པར་གསལ་བའི་ཕྱིར་ཏེ། ལེགས་ལྡན་འབྱེད་ཀྱིས་མདོསྡེ་སྤྱོད་པའི་དབུ་མ་རང་རྒྱུད་པའི་སྲོལ་ཕྱེ་བ་དང་མཉམ་དུ་དབུ་མ་རང་རྒྱུད་པའི་སྲོལ་ཡང་ཕྱེ་སོང་བར་མཁས་པ་རྣམས་ཞལ་མཐུན་པའིཕྱིར། ཁྱབ་སྟེ།  ཞི་བ་འཚོས་རྣལ་འབྱོར་སྤྱོད་པའི་དབུ་མ་པ་དེ་དེའི་རྗེས་ནསསྲོལ་ཕྱེ་བ་ཡིན་པའི་ཕྱིར་རོ། ། དེས་ན་ཤོག་དྲིལ་འདིའི་དགོངས་པཡང་ནང་པའི་གྲུབ་མཐའི་མཐར་ཐུག་རྣལ་འབྱོར་སྤྱོད་པའི་དབུ་མ་དེ་ལ་འདོད་དམ་སྙམ་སྟེ། དེ་ལྟར་ན་སྐབས་དེར་བོད་དུ་དར་བའི་གྲུབ་མཐའི་ཡང་རྩེ་ཡང་དེ་ཡིན་པས་དེ་ལ་ཆེད་གཉེར་དང་གཙིགས་ཆེན་བྱ་བ་སྨོས་མི་དགོས། དེའི་ཤུགས་རྐྱེན་ཡིག་རྙིང་ལ་དངོས་བརྒྱུད་ཅི་རིགས་ནས་ཐེབསཡོད་པ་ཡང་བཤད་མི་དགོས་སོ། ཡང་དབུ་མ་ཐལ་རང་གི་ཁྱད་པར་འདི་རྒྱ་གར་ན་མེད་པའི་བོད་ཀྱི་གསར་བཤད་ཅིག་ཡིན་པར་ཀུན་མཁྱེན་བུ་སྟོན་གྱིས་བཤད་ཅེས་སྔ་འགྱུར་རྙིང་མའི་མཁས་ཆེན་འཇུ་མི་ཕམ་གྱིསགསུངས་པ་ལྟར་ན། དེ་ཡང་བོད་ཀྱི་མཁས་པ་བུ་སྟོན་སོགས་རེ་འགསསྨད་པར་མཛད་ཀྱང་ཀླུ་སྒྲུབ་ཡབ་སྲས་ཀྱི་ལྟ་བའི་ཆེས་ཕྲ་ས་རྗེ་ཙོང་ཁ་པསོགས་ཕྱི་རབས་པ་དག་གིས་ཚིག་དོན་གཉིས་ཆར་གྱི་སྒོ་ནས་སྔོན་མེད་ཀྱིགསལ་ཁ་བཏོད་པ་དང་ཐལ་འགྱུར་བའི་ལྟ་བ་ཁོལ་དུ་བཏོན་པའམ་གསར་གཏོད་བྱས་པའི་ལག་རྗེས་སུ་འཇོག་ཆོག་པར་དོན་གྱིས་ཁས་ལེན་གནང་ཡོད་འདུག

གང་ལྟར་དུས་རབས་བཅུ་གཅིག་པའི་སྨད་ཙམ་ལ་བོད་ཀྱི་ལོ་ཙཱ་བཆེན་པོ་པ་ཚབ་ཉི་མ་གྲགས་(སྤྱི་ལོ༡༠༥༥)སྐུ་འཁྲུངས་ནས་ཁ་ཆེའི་ཡུལདུ་ཕེབས་ཏེ་མི་ལོ་ཉེར་གསུམ་རིང་གཞུང་ལུགས་ལ་སྦྱངས་པ་མཛད། པཎ་ཆེན་གསེར་གྱི་གོ་ཆ་ཞུ་བ་སྤྱན་དྲངས་ཏེ། ཐལ་འགྱུར་བའི་སྲོལའབྱེད་སློབ་དཔོན་ཟླ་གྲགས་ཀྱིས་མཛད་པའི་རྩ་ཤེའི་འགྲེལ་པ་ཚིགགསལ་དང་། དོན་འགྲེལ་དབུ་མ་འཇུག་པ་རང་འགྲེལ་དང་བཅསཔ། བཞི་བརྒྱ་པའི་ཟླ་འགྲེལ་》《རིགས་པ་དྲུག་ཅུ་པའི་འགྲེལ་པ་ རྣམས་བསྒྱུར། སྔོན་དུ་བསྒྱུར་ཡོད་པའི་སྟོང་ཉིད་བདུན་ཅུ་པའི་འགྲེལཆེན་སོགས་ལ་འགྱུར་བཅོས་མཛད། དེ་ནས་བཟུང་དབུ་མ་སྤྱི་དང་སྒོསསུ་ཐལ་འགྱུར་བའི་གཞུང་ལ་འཆད་མཉན་རྒྱ་ཆེར་མཛད་པ་ལ་བརྟེན་རིམབཞིན་ངེད་ཅག་བོད་ལ་ཐལ་འགྱུར་གྲུབ་མཐའི་སྲོལ་འབྱུང་བའི་འགོབརྩམས་པ་ཡིན། རྒྱུ་མཚན་འདི་ལ་བརྟེན་ནས་ཁོ་བོའི་བསམ་པར་ཏུནཧོང་ཡིག་རྙིང་ལས་བཤད་པ་དེདག་ཀྱང་སྐབས་དེར་བོདལ་ཆེས་ཆེརདར་ཡོད་པའི་དབུ་མ་རང་རྒྱུད་པའི་ལྟ་བའི་སྲོལ་བཟུང་བའམ་བསྒྱུར་སྤེལ་བྱས་པ་ཞིག་ཡིན་པར་སྙམ། །

 

ལུང་འདྲེན་དཔྱད་ཡིག་དང་མཆན་འགྲེལ།

རྗེ་བཙུན་ཤེས་རབ་རྒྱ་མཚོས་བརྩམས་པའི་ ཆོས་སྲིད་གྲུབ་མཐའ་སྣ་ཚོགས་ཀྱི་གཏམ་ཐོས་པདོན་ལྡན་བཀླགས་པའི་དོན་གྲུབ་ཅེས་བྱ་བ་ ) མཚོ་སྔོན་མི་རིགས་དཔེ་སྐུན་ཁང་། 1984ལོར་དཔར། ཤོག་ངོས361 དང360ན།

ལྕང་སྐྱ་རོལ་པའི་རྡོ་རྗེས་བརྩམས་པའི་ གྲུབ་མཐའ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 1989 ལོར་དཔར། ཤོག་ངོས། 088ན།


 འཕགས་པ་ཐོགས་མེད་ལྟ་བུ་རང་ཉིད་དབུ་མ་ཐལ་འགྱུར་བར་གནས་ཀྱང་སེམས་ཙམ་པ་དང་མཐུན་པར་དགོངས་འགྲེལ་གྱི་བསྟན་བཅོས་བརྩམས་པ་ཡང་སློབ་དཔོན་དེ་དགགི་ནང་ན་མང་དུ་ཡོད་ཅེས་དང་། སེམས་ཙམ་པའི་སློབ་དཔོན་ཡིན་ན་སེམས་ཙམ་པ་ཡིན་མི་དགོས་ཏེ་ཕལ་ཆེན་སྡེ་པའི་དགེ་སློང་ཡིན་ན་ཕལ་ཆེན་སྡེ་པ་ཡིན་མི་དགོས་པ་བཞིན་ནོ།

འདིར་སློབ་དཔོན་ཞི་བ་འཚོས་ནང་པའི་གྲུབ་མཐའ་བཞིའི་ནང་ནས་དབུ་མ་ལ་ཐལ་རང་གཉིས་ཡོད་པའི་རང་རྒྱུད་པའི་ནང་གསེས་ཏེ་རྣལ་འབྱོར་སྤྱོད་པའི་དབུ་མ་རངརྒྱུད་པའི་ཤིང་རྟའི་སྲོལ་ཕྱེ་བའམ་གསར་གཏོད་མཛད། འདིའི་གཞིའི་རྣམ་གཞག་ཕལ་ཆེར་སེམས་ཙམ་པ་དང་མཐུན་ཞིང་། འཕགས་སེང་སོགས་རྒྱ་བོད་ཀྱི་ཕར་ཕྱིན་པརྣམས་ཀྱང་ལུགས་འདིའི་རྗེས་སུ་འབྲངས་ཏེ་ལྟ་སྒོམ་སོགས་གཏན་ལ་ཕབ་པའོ།

རིགས་ངེས་གང་ཟག་ཅེས་པའི་དོན་ནི་དཔེར་ན་ཐེག་པ་ཆེན་པོ་རིགས་ངེས་ནི་ཉན་ཐོས་ཀྱི་ལམ་སོགས་གཞན་ལ་མ་ཞུགས་པར་ཐོག་མར་ཐེག་ཆེན་རང་གི་ལམ་དེ་ལ་ཞུགསཔའི་གང་ཟག་དེ་ལ་ཟེར་བ་ལྟ་བུའོ།

ལྕང་སྐྱ་རོལ་པའི་རྡོ་རྗེས་བརྩམས་པའི་གྲུབ་མཐའ་ཐུབ་སྟན་ལྷུན་པོའི་མཛེས་རྒྱན་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 1989ལོར་དཔར། ཤོག་ངོས་91ན། དོནསྨྲ་སྡེ་གཉིས་ཀྱིས་ཐེག་ཆེན་བཀར་ཁས་མི་ལེན་པས་བཀའ་བར་བ་མཚན་ཉིད་མེད་པའི་ཆོས་འཁོར་སོགས་ཐེག་ཆེན་གྱི་མདོ་རྣམས་ཆོས་འཁོར་གྱི་མཚན་གཞིར་མི་འདོད་པ་སྔརབས་པ་རྣམས་ལ་གྲགས་ཤིང་། བྱེ་མདོ་སྤྱི་ཙམ་ནི་དེ་ལྟར་འཐད་པར་རྗེ་ཡབ་སྲས་ཀྱིས་ཀྱང་བཞེད་མོད། འོན་ཀྱང་ཀླུ་སྒྲུབ་ཡབ་སྲས་བྱུང་བའི་རྗེས་ཀྱི་ཉན་ཐོས་སྡེ་པ་འགའཞིག་གིས་ཤེར་ཕྱིན་སོགས་མདོ་ཡིན་པར་ཁས་ལེན་ཚུལ་རྒྱལ་ཚབ་ཐམས་ཅད་མཁྱེན་པའི་སྤྱོད་འཇུག་དང་རྒྱུད་བླའི་འགྲེལ་པ་སོགས་སུ་གསུངས།

རྗེ་ཙོང་ཁ་པས་མཛད་པའི་བྱང་ཆུབ་ལམ་རིམ་ཆེན་མོ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1985ལོར་དཔར། ཤོག་ངོས་572ན། འདི་ལ་སློབ་དཔོན་ཡེ་ཤེས་སྡེའིལྟ་བའི་ཁྱད་པར་ལས། སློབ་དཔོན་འཕགས་པ་ཡབ་སྲས་ཀྱིས་དབུ་མའི་བསྟན་བཅོས་མཛད་པ་ལས་ཕྱིའི་དོན་ཡོད་མེད་ཀྱི་ཚུལ་གསལ་བར་མ་མཛད་ལ། དེའི་འོག་ཏུ་སློབདཔོན་ལེགས་ལྡན་འབྱེད་ཀྱིས་རྣམ་པར་རིག་པ་ཙམ་གྱི་ལུགས་ལ་བསུན་ཕྱུང་སྟེ། ཐ་སྙད་དུ་ཕྱིའི་དོན་ཡོད་པའི་ལུགས་རྣམ་པར་བཞག་གོ དེ་ནས་སློབ་དཔོན་ཞི་བ་འཚོས་རྣལའབྱོར་སྤྱོད་པའི་གཞུང་ལ་བརྟེན་ནས་ཐ་སྙད་དུ་ཕྱི་རོལ་མེད་པ་དང་དོན་དམ་པར་སེམས་རང་བཞིན་མེད་པར་སྟོན་པའི་དབུ་མའི་ཚུལ་མི་འདྲ་བ་ཞིག་མཛད་པས་དབུ་མ་བརྣམ་པ་གཉིས་སུ་བྱུང་ཞིང་། སྔ་མ་ལ་མདོ་སྡེ་སྤྱོད་པའི་དབུ་མ་བ་ཞེས་པ་དང་ཕྱི་མ་ལ་རྣལ་འབྱོར་སྤྱོད་པའི་དབུ་མ་བཞེས་བཏགས་སོ་ཞེས་འཆད་པ་ནི་བྱུང་བའི་རིམ་པ་དེ་ལྟརདུ་མངོན་ནོ། །ཞེས་གསུངས། འོན་ཀྱང་རྒྱལ་བ་དགེ་འདུན་རྒྱ་མཚོས་མཛད་པའི་གྲུབ་མཐའ་རྒྱ་མཚོར་འཇུག་པའི་གྲུ་རྫིངས་ཞེས་བྱ་བ་ལས་དབུ་མའི་སྐབས་སུ། དབྱེབའི་ཐ་སྙད་གཉིས་པོ་འདི་རྗེ་ཡབ་སྲས་ཀྱིས་ཚད་མར་མི་བཞེད་ཀྱང་། བདག་གིས་ད་ལན་སྔ་རབས་པ་དང་སྒོ་བསྟུན་པ་ཡིན། ཞེས་གསུངས་པ་ལ་ཕྱི་རབས་མཁས་པ་རྣམསཀྱིས་དོ་སྣང་ཙམ་ཡང་བྱས་མེད།

འཇུ་མི་ཕམ་གྱིས་མཛད་པའིཤེར་འགྲེལ་ཀེ་ཏ་ཀསི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས་6 - 7་ན། མཁས་མཆོག་བུ་སྟོན་ལ་སོགས་པས་ནི་ཐལ་རང་གི་ཁྱད་པརའདི་བོད་ཀྱི་རྟོག་བཟོར་ཟད་དེ། རྒྱ་གར་དུ་མ་བྱུང་བར་མཛད་མོད། མཐར་ཐུག་གི་དོན་ལ་ཁྱད་པར་ཅི་ཡང་མེད་ཀྱང་གཞུང་འཆད་ཚུལ་གྱི་དབང་དུ་ཁྱད་པར་ཡོད་དེ། རྒྱསཔ་དབུ་མ་རྒྱན་གྱི་རྣམ་བཤད་དུ་བལྟ་བར་བྱའོ། ཞེས་གསུངས་སོ།

གསལ་བཤད། རྩོམ་འདི་ནི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་གི་ཐེབས་རྩའི་ལས་གཞི་ཨང་རྟགས་11 BZJ11དང་། ནུབ་བྱང་མི་རིགས་སློབ་ཆེན་གྱིཀྲུང་དབྱང་སློབ་ཆེའི་མ་དངུལ་ཆེད་འཇོག་གི་ལས་གཞི་ཨང་རྟགསYCX11005ཡི་བར་སྐབས་དཔྱད་འབྲས་ཡིན།

(རྩོམ་སྒྲིག་འགན་ཁུར་བ་ཚེ་དཔལ།)

ཁྱུང་ཕྲུག་བློ་བཟང་དར་རྒྱས། མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེ་མོ་བ་གཞོན་པ། ད་ལྟ་ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་རིག་གནས་སློབ་གླིང་གི་ཉིས་སྟོང་བཅུ་ལོའི་བྷོ་ཧྲི་ཞིབ་འཇུག་སློབ་མ་ཡིན།
中国藏文学术期刊网
中国藏学研究中心版权所有,未经允许不得转载使用
地址:北京市朝阳区北四环东路131号  邮编:100101