中国藏文学术期刊网
您的当前位置:首页> 搜索结果
འཕྲིན་གསར།
ཧན་ཁྲོན་ཧྲེང་ལགས་ཀྱིས་ཉར་ཚགས་གནང་བའི་མིང་ཆིང་རྒྱལ་རབས་ནས་བཟུང་པེ་ཅིན་དང་སོག་རིགས་ས་ཁུལ་དུ་དར་བའི་བོད་དང་འབྲེལ་བའི་ཡིག་ཆའི་འགྲེམས་སྟོན་དང་སྐྱེས་འབུལ་མཛད་སྒོ་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ལ་སྤེལ།

       

 

         2016ལོའི་ཟླ་8པའི་ཚེས་2ཀྱི་སྔ་དྲོར་ཧན་ཁྲོན་ཧྲེང་ལགས་ཀྱིས་ཉར་ཚགས་གནང་བའི་མིང་ཆིང་རྒྱལ་རབས་ནས་བཟུང་པེ་ཅིན་དང་སོག་རིགས་ས་ཁུལ་དུ་དར་བའི་བོད་དང་འབྲེལ་བའི་ཡིག་ཆའི་འགྲེམས་སྟོན་དང་སྐྱེས་འབུལ་མཛད་སྒོ་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཚོམས་ཆེན་ལ་སྤེལ། 

       ད་ཐེངས་ཀྱི་སྐྱེས་འབུལ་མཛད་སྒོ་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་འགན་འཛིན་གཞོན་པ་ལེའུ་ཡིན་ཧྭ་ཡིས་གཙོ་སྐྱོང་དང་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་འགན་འཛིན་གཞོན་པ་དགྲ་འདུལ་ལགས་ཀྱི་གསུང་བཤད་ཕུལ། ཁོང་གིས་གསུང་དོན། 

      སྐུ་ཞབས་ཧན་ཁྲོན་ཧྲེང་ནི་མི་རིགས་བྱ་གཞག་ལ་དགའ་ཞེན་ཆེ་ཞིང་དུས་ཡུན་རིང་པོའི་ནང་མི་རིགས་ཀྱི་དམངས་ཁྲོད་རིག་གནས་འཚོལ་བསྡུའི་ལས་དོན་ལ་བཞུགས་པ་དང་གྲགས་ཅན་གྱི་རིག་རྫས་བསྡུ་ཉར་བྱེད་མཁན་ཞིག་ཡིན། ལྷག་པར་དུ་བོད་སོག་དཔེ་རྙིང་ཉར་ཚགས་ཐད་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད། དེ་རིང་འཛུགས་གཉེར་བྱས་པའི་ཧན་ཁྲོན་ཧྲེང་ལགས་ཀྱིས་ཉར་ཚགས་གནང་བའི་མིང་ཆིང་རྒྱལ་རབས་ནས་བཟུང་པེ་ཅིན་དང་སོག་རིགས་ས་ཁུལ་དུ་དར་བའི་བོད་དང་འབྲེལ་བའི་ཡིག་ཆའི་འགྲེམས་སྟོན་ནི་ཧན་ཁྲོན་ཧྲེང་གིས་ཉར་ཚགས་བྱས་པའི་གནའ་གཞུང་དང་ཚད་ལྡན་ཡིག་ཆའི་ཁྲོད་ཀྱི་རྩེ་གྲྭ་ཁག་ཅིག་ཡིན། དེའི་ནང་གནའ་དཔེ་རྩ་ཆེན་དང་དཔེ་ཆ་དཀོན་པོ་མི་ཉུང་བ་ཞིག་ཡོད། ལོ་རྒྱུས་དང་རིག་དངོས་ཀྱི་རིན་ཐང་ཧ་ཅང་ཆེན་པོ་ལྡན།

   སྐུ་ཞབས་ཧན་ཁྲོན་ཧྲེང་ནི་ཉར་ཚགས་མཁན་ཞིག་ཡིན་པ་མ་ཟད། སྤྲོ་སེམས་ཆེ་བ་སྤྱི་ཕན་གྱི་བྱ་གཞག་མཁན་ཞིག་ཀྱང་ཡིན། ཁོང་གིས་དཀའ་བ་བརྒྱ་ཕྲག་གི་ངལ་བ་བསད་ནས་ཉར་ཚགས་བྱས་པའི་རྩ་ཆེན་དངོས་རྫས་རྣམས་འབྲེལ་ཡོད་རིག་གནས།  སྨན་གསོ། ཚན་ཞིབ་སོགས་ཀྱི་ལས་ཁུངས་ལ་སྒེར་སེམས་མེད་པར་ལེགས་སྐྱེས་སུ་ཕུལ་ནས་དེའི་ཕན་ནུས་སྔར་བས་ཆེ་བ་འདོན་ཐུབ་པ་གནང་། ད་ཐེངས་འགྲེམས་སྟོན་གནང་པའི་སྐབས་སུ་སྐུ་ཞབས་ཏན་ཁྲོན་ཧྲེང་གིས་རིན་མེད་ངང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ལ་བོད་ཡིག་གནའ་གཞུང་ཚད་ལྡན་ཡིག་ཆ་བམ་པོ་80སྐྱེས་འབུལ་སུ་ཕུལ་བ་དེས་སྐུ་ཞབས་ཏན་ཁྲོན་ཧྲེང་གི་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་དང་ཡངས་ཤིང་རྒྱ་ཆེ་བའི་བློ་རྒྱ་མཚོན་ཡོད། བསྔགས་འོས་པ་ཞིག་དང་གུས་འོས་པ་ཞིག་ཡིན།

     སྐུ་ཞབས་ཧན་ཁྲོན་ཧྲེང་གིས་སོག་རིགས་ས་ཁུལ་དུ་དར་བའི་གྱི་བོད་ཡིག་གནའ་གཞུང་ཚད་ལྡན་ཡིག་ཆ་འགྲེམ་སྟོན་དང་སྐྱེས་འབུལ་དེས་བོད་ཀྱི་རིག་གནས་ཀྱི་ལོ་རྒྱུས་རིང་པོ་ཡོད་པ་མངོན་པ་དང་ཀྲུང་ཧྭ་མི་རིགས་ཀྱིས་བོད་ཀྱི་རིག་གནས་སྲུང་སྐྱོང་བྱེད་པའི་ལས་དོན་ལ་ཁྱད་དུ་འཕགས་པའི་ལེགས་སྐྱེས་ཕུལ་བ་མཚོན་པ་མ་ཟད། བོད་ཀྱི་རིག་གནས་དེ་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་གཅེས་སྐྱོང་འོག་རྒྱུན་འཛིན་དང་འཕེལ་རྒྱས་ཐུབ་པ་ཡང་མཚོན་ཡོད། སྐུ་ཞབས་ཏན་ཁྲོན་ཧྲེང་གིས་འགྲེམས་སྟོན་དང་སྐྱེས་འབུལ་གྱིས་པེ་ཅིན་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་ལ་རྣམ་པར་བཀྲ་བའི་ཚོན་མདངས་བསྣན་ཡོད་ཞེས་གསུང་ངོ།།              རྩོམ་སྒྲིག་འགན་འཁུར་པ།བསྟན་འཛིན་ནོར་བུ།

 

 

 

中国藏文学术期刊网
中国藏学研究中心版权所有,未经允许不得转载使用
地址:北京市朝阳区北四环东路131号  邮编:100101