中国藏文学术期刊网
您的当前位置:首页> 搜索结果
འཕྲིན་གསར།
ཀྲུང་གོའི་བོད་ཡིག་རིག་གཞུང་དུས་དེབ་དྲ་བ།
          ཀྲུང་གོའི་བོད་ཡིག་རིག་གཞུང་དུས་དེབ་དྲ་བ་ནི་ཀྲུང་གོའི་བོད་རིགཔའི་དུས་དེབ་ཁང་དང་ཀྲུང་གོའི་བོད་རིག་པའི་དྲྭ་བ་གཉིས་ཀྱིས་སྤྱི་ལོ་༢༠༡༤ལོའི་ལོ་མཇུག་ཏུ་མཉམ་དུ་གཉེར་བའི་ཀྲུང་གོའི་བོད་ཡིག་གི་རིག་གཞུང་དུས་དེབ་ཀྱི་ཐོན་ཁུངས་སྟེགས་བུ་ཞིག་ཡིན་ཞིང་སྟེགས་བུ་འདི་པས་ཀྲུང་གོའི་བོད་ཡིག་གི་རིག་གཞུང་དུས་དེབ་འདི་ཉིད་གསར་དར་སྨྱན་སྦྱར་གྱི་མཉམ་འབྲེལ་དྲ་རྒྱ་དང་མཉམ་འདྲེས་ཀྱིས་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཐོག  ཀྲུང་གོའི་བོད་ཡིག་གི་རིག་གཞུང་དུས་དེབ་ཀྱི་ཐོན་ཁུངས་རུག་བསྡུས་ནུས་པ་དང་ཤུགས་རྐྱེན་མཐོར་འདེགས་གཏོང་རྒྱུ་རྩ་དོན་དུ་བཟུང་ནས་རྒྱལ་ནང་གི་དབང་གྲགས་དང་རྒྱལ་སྤྱིའི་མིང་གྲགས་ལྡན་པའི་བོད་ཡིག་གི་རིག་གཞུང་དྲྭ་རྒྱའི་རིག་མཛོད་བསྐྲུན་རྒྱུར་མཐར་ཐུག་གི་དམིགས་ཡུལ་ལ་བཟུང་བ་ཞིག་ཡིན།  དྲ་ཚིགས་འདི་ཉིད་ཀྲུང་གོའི་བོད་ཡིག་གི་དུས་དེབ་ཀྱི་ཐོན་ཁུངས་སྟེགས་བུ་ཞིག་ཏུ་བཟོ་རྒྱུ་ཡིན་པའི་ཆ་ནས་འདི་ལ་གསར་འགྱུར་ཁྱབ་བསྒྲགས་དང་དུས་དེབ་རིག་མཛོད།  སྣེ་མང་སྨྱན་སྦྱོར་གྱི་ཐོན་ཁུངས་རིག་མཛོད།  རིག་གཞུང་ཆེད་དོན་རིག་མཛོད། ཐོན་ཁུངས་འཚོལ་ཞིབ།  ཐོན་ཁུངས་ཕབ་ལེན།  དྲ་ཐོག་ལྟ་ཀློག  དབང་ཆ་བཏང་འཛིན། གྲངས་གཞི་སྡོམ་རྩིས་སོགས་རྣམ་གྲངས་ཁག་དགུ་ཡི་ལྟེ་བའི་ནུས་པ་ལྡན་ཡོད།   དེའི་ནང་ནས་དུས་དེབ་རིག་མཛོད་དེ་ཉིད་དེབ་རེར་དུས་དེབ་ཚན་པ་བྱས་ཐོག་དཔྱད་རྩོམ་རྐྱང་པ་དེ་མཐའ་མཇུག་གི་ལས་སྒྲུབ་དམིགས་ཡུལ་གྱིས་དུས་དེབ་ལ་ཕྱོགས་སྒྲིག་དོ་དམ་བྱ་རྒྱུ་ཡིན་པའོ།  དེས་ན་ཀློག་པ་པོས་བོད་རྒྱ་དབྱིན་གསུམ་གྱི་སྐད་ཡིག་ཐོག་དུས་དེབ་ཀྱི་དཔྱད་རྩོམ་ལ་ ཁ་བྱང་དང་རྩོམ་མཁན་ དུས་དེབ་ཀྱི་མིང་། གནད་ཚིག བཅས་བཞི་ཡི་ལམ་ནས་འཚོ་ཞིབ་བྱ་ཆོག་ཅིང་PDFརྣམ་པའི་ཐོག་ནས་དྲ་ལམ་ནས་ལྟ་ཀློག་དང་ཕབ་ལེན་བྱ་ཆོག

 

中国藏文学术期刊网
中国藏学研究中心版权所有,未经允许不得转载使用
地址:北京市朝阳区北四环东路131号  邮编:100101