中国藏文学术期刊网
您的当前位置:首页> 搜索结果
འཕྲིན་གསར།
བོད་ལྗོངས་ཀྱི་མི་འབོར་སྐོར་གྱི་གྲངས་གཞི་གསར་ཤོས་འདིར་ཡོད།
སྤྱི་ཚེས་19ཉིན་གྱི་ཕྱི་དྲོ་བོད་རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་ཀྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་མི་འབོར་ཡོངས་བཤེར་ཐེངས་བདུན་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲི་364.81ཟིན་པ་དེ་སྤྱི་ལོ་2010ལོའི་མི་ཁྲི་300.22དང་བསྡུར་ན་མི་ཁྲི་64.59མང་དུ་ཕྱིན་ནས་བརྒྱ་ཆ་21.52འཕར་བ་དང་ལོ་བཅུའི་ནང་ལོ་རེར་ཆ་སྙོམས་འཕར་ཚད་བརྒྱཆ་1.97ཟིན་ཡོད་པ་རེད།
བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་མི་འབོར་ཡོངས་བཤེར་ཐེངས་བདུན་པའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་དང་། གཞུང་དོན་ཁང་གི་ཀྲུའུ་རེན། རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་ཀྱི་ཅུས་ཀྲང་བསོད་ནམས་བཀྲ་ཤིས་ཀྱིས། ཡོངས་བཤེར་གྱིས་བོད་ལྗོངས་ཀྱི་མི་འབོར་གྱི་གྲངས་འབོར་དང་། གྲུབ་ཆ། ཁྱབ་ཚུལ་སོགས་ཐད་ཀྱི་གནས་ཚུལ་ཁྱོན་ཡོངས་ནས་ཞིབ་བཤེར་གསལ་པོ་ཐུབ་སྟེ་མིག་སྔའི་མི་འབོར་འགྱུར་ལྡོག་འགྲོ་ཚུལ་གྱི་ཁྱད་ཆོས་གནད་ལ་འཁེལ་པོས་གསལ་སྟོན་གྱིས་རྩ་ཆེའི་ཆ་འཕྲིན་ཐོན་ཁུངས་འབོར་ཆེན་མཁོ་འདོན་ཐུབ་ཡོད་ཅེས་བཤད་པ་རེད།
གྲངས་གཞིའི་ཐོག་ནས་མངོན་པར། ལོ་བཅུ་གྲངས་རིང་བོད་ལྗོངས་ཀྱི་མི་འབོར་རྒྱུན་མཐུད་ངང་འཕར་བའི་རྣམ་པ་རྒྱུན་སྲིང་ཐུབ་ཡོད། བོད་ལྗོངས་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲོད་སྐྱེས་པའི་མི་འབོར་ཁྲི་191.36ཟིན་པ་དེས་བརྒྱ་ཆ་52.45བཟུང་བ་དང་། བུད་མེད་མི་གྲངས་ཁྲི་173.45ཡོད་པ་དེས་བརྒྱ་ཆ་47.55བཟུང་ཡོད། སྤྱིའི་མི་འབོར་གྱི་ཕོ་མོའི་བསྡུར་ཚད་དེ་སྤྱི་ལོ་2010ལོའི་105.69ནས་110.32བར་འཕར་ཡོད། མི་རིགས་ཀྱི་གྲུབ་ཆའི་ཐད་བོད་ལྗོངས་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲོད་བོད་རིགས་དང་དེ་བཞིན་གྲངས་ཉུང་མི་རིགས་གཞན་དག་གི་མི་འབོར་ཁྲི་320.47ཟིན་པ་དེའི་ནང་བོད་རིགས་མི་འབོར་ཁྲི་313.79ཟིན་པ་དེ་སྤྱི་ལོ་2010ལོ་དང་བསྡུར་ན་ཁྲི་42.15མང་དུ་ཕྱིན་པ་དང་བརྒྱ་ཆ་15.52འཕར་ནས་ལོ་རེར་ཆ་སྙོམས་འཕར་ཚད་བརྒྱ་ཆ་1.45ཟིན་པ་དང་། གྲངས་ཉུང་མི་རིགས་གཞན་དག་གི་མི་འབོར་ཁྲི་6.68ཡིན་པ་དེ་སྤྱི་ལོ་2010ལོ་དང་བསྡུར་ན་མི་གྲངས་ཁྲི་2.63མང་དུ་སོང་བ་དང་བརྒྱ་ཆ་64.95འཕར་ཏེ་ལོ་རེར་ཆ་སྙོམས་འཕར་ཚད་བརྒྱ་ཆ་5.13%ཟིན་ཡོད།
མི་རིགས་ཀྱི་མི་འབོར་བརྟན་པོའི་ངང་འཕར་སྣོན་བྱུང་བ་དེས་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་འོག་མི་རིགས་ཁག་གི་མི་འབོར་རྒྱུན་ཆད་མེད་པར་འཕར་སྣོན་བྱུང་བའི་རྣམ་པ་གསར་པ་མཚོན་ཡོད།
ལོ་ནའི་གྲུབ་ཚུལ་ནས་བལྟས་ན། བོད་ལྗོངས་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲོད་དུ་ལོ་0ནས་14བར་གྱི་མི་འབོར་ཁྲི་89.49ཟིན་པ་དེས་བརྒྱ་ཆ24.53བཟུང་བ་དང་། ལོ་15ནས་59བར་གྱི་མི་འབོར་ཁྲི་244.22ཟིན་པ་དེས་བརྒྱ་ཆ་66.95བཟུང་བ། ལོ་60དང་དེའི་ཡན་གྱི་མི་འབོར་ཁྲི་31.10ཡོད་པ་དེས་བརྒྱ་ཆ་8.52བཟུང་ཡོད། གཞོན་ནུ་དང་དར་མའི་ངལ་རྩོལ་ནུས་ཤུགས་ཀྱིས་སྔར་བཞིན་བསྡུར་ཚད་ཆེན་པོ་བཟུང་བ་དེ་ཐོག་ནས་མིག་སྔར་བོད་ལྗོངས་འདི་ཉིད་སྔར་བཞིན་མི་འབོར་གྱི་ཁེ་སྤོགས་དུས་མཚམས་སུ་གནས་པ་དང་ངལ་རྩོལ་ནུས་ཤུགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་གསལ་བཤད་བྱས་ཡོད།
སློབ་གསོ་མྱོང་ཚད་ཀྱི་མི་འབོར་ཐད། བོད་ལྗོངས་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲོད་སློབ་ཆེན་གྱི་རིག་གནས་ཆུ་ཚད་ལྡན་པའི་མི་འབོར་ཁྲི་40.20དང་། མཐོ་རིམ་སློབ་འབྲིང་གི་རིག་གནས་ཆུ་ཚད་ལྡན་པའི་མི་འབོར་ཁྲི་25.72 དམའ་རིམ་སློབ་འབྲིང་གི་རིག་གནས་ཆུ་ཚད་ལྡན་པའི་མི་འབོར་ཁྲི་57.48བཅས་ཡོད་པ་རེད།
སྤྱི་ལོ་2010ལོ་དང་བསྡུར་ན་མི་ཁྲི་10ཡི་ཁྲོད་སློབ་ཆེན་གྱི་རིག་གནས་ཆུ་ཚད་ཡོད་མཁན་མི་ཁྲི་0.55ནས་མི་ཁྲི་1.10བར་མང་དུ་ཕྱིན་ནས་ལྡབ་1འཕར་བ་དང་། མཐོ་རིམ་སློབ་འབྲིང་གི་རིག་གནས་ཆུ་ཚད་ལྡན་པ་མི་ཁྲི་0.44ནས་མི་ཁྲི་0.71བར་འཕར་ནས་བརྒྱ་ཆ་61.57འཕར་བ། དམའ་རིམ་སློབ་འབྲིང་གི་རིག་གནས་ཆུ་ཚད་ཡོད་མཁན་ཁྲི་1.29ནས་ཁྲི་1.58ལ་འཕར་ནས་བརྒྱ་ཆ་22.62འཕར་ཡོད། སློབ་གསོ་མྱོང་བའི་གནས་ཚུལ་མུ་མཐུད་ལེགས་བཅོས་བྱུང་བ་དེ་ཐོག་ནས་བོད་ལྗོངས་ཀྱི་མི་འབོར་གྱི་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་སོང་བ་མཚོན་གྱི་ཡོད།

བསོད་ནམས་བཀྲ་ཤིས་ཀྱིས། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་སྟབས་རྒྱུན་ཆད་མེད་པར་མགྱོགས་སུ་ཕྱིན་པ་དང་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་སོང་བ་དང་ཆབས་ཅིག་ཕྱི་ནས་ཡོང་བའི་མི་འབོར་བོད་ལྗོངས་སུ་མ་འཇོག་དང་ཚོང་གཉེར་བྱེད་པར་ཡོང་རྒྱུའི་ཡིད་དབང་བཀུག་ཡོད་ཅེས་དང་། ཡོངས་ཁྱབ་ཞིབ་བཤེར་གྱི་དཔྱད་ཡིག་ལས་མངོན་པར། ལྗོངས་ཕྱིའི་མི་འབོར་ཁྲི་40.71ཟིན་པ་དེ་སྤྱི་ལོ་2010ལོ་ལས་མི་ཁྲི་24.17མང་དུ་ཕྱིན་ནས་བརྒྱ་ཆ146.11འཕར་བ་དང་ལོ་རེར་ཆ་སྙོམས་བརྒྱ་ཆ་9.42འཕར་ཡོད་པ་རེད། ཕྱོགས་སུ་སྐྱོད་པའི་ཐད་ནས་བལྟས་ན། ཕྱོགས་མིའི་ཕྱེད་ཀ་ཡན་བོད་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་གི་གྲོང་ཁུལ་གཙོ་བོར་ཕྱོགས་པས་ལྟེ་བའི་གྲོང་ཁྱེར་གཅིག་སྡུད་བྱེད་ཚད་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད་ཅེས་བརྗོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཡོངས་ཁྱབ་ཞིབ་བཤེར་ནང་བོད་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་7དང་། རྫོང་དང་ཆུས་74། ཤང་དང་གྲོང་རྡལ་དེ་བཞིན་ཁྲོམ་གཞུང་697བཅས་ཚང་མར་ཡོངས་ཁྱབ་ཞིབ་བཤེར་སྒྲིག་གཞི་བཙུགས་ནས་ཡོངས་ཁྱབ་ཞིབ་བཤེར་གྱི་མཛུབ་ཁྲིད་པ་དང་ཡོངས་ཁྱབ་ཞིབ་བཤེར་པ་ཁྲི་1.6ལྷག་ཙམ་གདམ་གསེས་གདན་ཞུ་བྱས་ཏེ་ལྗོངས་ཡོངས་ཀྱི་ཁྱིམ་ཚང་དང་མི་འབོར་ཚང་མར་ཁྱོན་ཡོངས་ནས་ཡོངས་ཁྱབ་ཞིབ་བཤེར་བྱས་པ་དང་ཡོངས་ཁྱབ་ཞིབ་བཤེར་གྱི་ཐོ་འགོད་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་ཡོད་པ་རེད།
中国藏文学术期刊网
中国藏学研究中心版权所有,未经允许不得转载使用     京ICP备06045333号-2
地址:北京市朝阳区北四环东路131号  邮编:100101